e-texts navigator
Collection
Volume
Page
Wylie

46b1 གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པས་རྙེད་པ་ཤིན་ཏུ་རྙེད་དོ། ། ལྷའི་བུས་སྨྲས་པ། རིགས་ཀྱི་བུ་གང་ཆོས་ཐམས་ཅད་ཀྱི་མ་རྙེད་པ་དེ་ནི་ཆོས་ཀྱིས་རྙེད་པའོ།། གང
46b2 ཆོས་འགའ་ཞིག་དམིགས་པ་དེ་ལ་ནི་ཆོས་ཀྱི་རྙེད་པ་ཅི་འང་མེད་དོ། ། རིགས་ཀྱི་བུ་དེ་ལྟ་བས་ན།། གང་ཆོས་ཐམས་ཅད་ཀྱི་མ་རྙེད་པ་སོ་སོར་མ་རྙེད་པ། མཱ་དམིགས་པ་དེ་ནི་ཆོས་ཀྱི་རྙེད་པ་ཡིན་ཏེ། རིགས་ཀྱིས
46b3 བདག་ཀྱང་རྙེད་པ་ལེགས་པར་རྙེད་དོ། ། ལྷའི་བུ་དེ་ལ་འདི་བཤད་ཤིང་ལུང་བསྟན་པའི་ཚེ། སྲོག་ཆགས་སྔོན་དགེ་བའི་རྩ་བ་བསྐྱེད་པ་ཉི་ཁྲི་ལྔ་སྟོང་གིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང
46b4 ཆུབ་ཏུ་སེམས་བསྐྱེད་དོ། ། བྱང་ཆུབ་སེམས་དཔའ་ཁྲིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས
46b5 གསོལ་ཏོ། ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་འཆད་པའི་ཚེ། བདུད་སྡིག་ཅན་མིག་གིས་མི་རྩོལ་བར་བགྱི་བའི་སླད་དུ། མི་མཆི་བ། བཅོམ་ལྡན་འདས་ངོ་མཚར་ཏོ།། བདེ་བར་གཤེགས་པ་ངོ
46b6 མཚར་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་བདུད་སྡིག་ཅན་སྐབས་སུ་མཐོང་བར་འདོད་དམ། གསོལ་པ། བཅོམ་ལྡན་འདས་མཐོང་བར་འཚལ་ལོ།། དེ
46b7 ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་སྨིན་མཚམས་ཀྱི་མཛོད་སྤུ་ནས། བདུད་སྡིག་ཅན་ཞགས་པ་ལྔའི་བཅིང་བས་བཅིངས་ལ། བཅིངས་པ་དེ་གཅོད་པ་འམ། དེ་ལས་ཐར་བར་བྱེད་མི་ནུས་པར་གང




iiif viewer powered by OpenSeadragon

46a - 47a

Texts on this page

S67 - 'phags pa dpa' bar 'gro ba'i ting nge 'dzin zhes bya ba theg pa chen po'i mdo