| | e-texts navigator
|
44a1 མ་ཡིན། ། ཕྱི་རོལ་ན་མ་ཡིན། གཉིས་ག་མེད་པར་མ་ཡིན་ཞིང་། གང་ན་ཡང་མི་གནས་ཏེ། ཚོགས་པ་ལས་འབྱུང་བ་དེ་བཞིན་དུ། རིགས་ཀྱི་བུ་ཆོས་ཐམས་ཅད་ཀྱང་ཡུལ་ན་མི་གནས། བྱོ།
44a2 ན་མི་གནས། ནང་ན་མ་ཡིན། ཕྱི་རོལ་ན་མ་ཡིན། གཉིས་ག་མེད་པར་མ་ཡིན། འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ཏེ། ཡི་གེ་གང་དག་གིས་དེ་དག་བཤད་པ་དེ་དག་ཀྱང་དེ་ལྟར
44a3 ཡི་གེ་མི་ཟད་པ་མངོན་སུམ་དུ་གྱུར་པས། འཆད་པས་ན། དེའི་ཕྱིར་སྤོབས་པ་ཕུན་སུམ་ཚོགས་པ་ཞེས་བྱའོ།། སྨྲས་པ། ལྷའི་བུ་ཁྱོད་ཇི་ལྟར་འཆད་པ་དེ་བཞིན་དུ་སྤོབས་སམ། སྨྲས་པ། རིགས་ཀྱི་བུ་བདག
44a4 དེ་བཞིན་དུ་སྤོབས་ཏེ། བྲག་ཆའི་སྒྲ་བྱུང་བའི་རང་བཞིན་ཇི་ལྟ་བ་དག་གི་ལམ་གྱི་སྒྲས་བཤད་པ་ཐམས་ཅད་ཀྱང་དེ་བཞིན་དུ་རྟོགས་པར་བྱའོ།། སྨྲས་པ། ལྷའི་བུ་རྟོགས་པ་ཞེས་བྱ་བ་ཅི། སྨྲས་པ། རིགས
44a5 ཀྱི་བུ་རྟོགས་པ་ཞེས་བྱ་བ་དེ་ནི། ནམ་མཁའ་རྟོགས་པའི་ཚིག་བླ་དགས་སོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། ནམ་མཁའ་ནི་དཔེ་མེད་པ་ཡིན་ནོ།། རིགས་ཀྱི་བུ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དཔེ་མེད་པས་ན།
44a6 དེའི་ཕྱིར་རྟོགས་པ་ཞེས་བྱའོ།། གང་དུ་དེ་འགྲོ་བའི་ཆོས་དེ་དག་གི་དཔེ་ཡང་བྱ་སླ་བ་མ་ཡིན་པས་ན། དེའི་ཕྱིར་རྟོགས་པ་ཞེས་བྱའོ།། ཡེ་ཤེས་དེ་ནི་དཔེ་མེད་པ་འདྲ་བ་མེད་པ། དངོས་པོ་ཐམས་ཅད་དང་བྲལ
44a7 བ་དེ་རྟོགས་པར་བྱེད་པས་ན། དེའི་ཕྱིར་རྟོགས་པ་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་སངས་རྒྱས་བློ་གྲོས་མངོན་སུམ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། ལྷའི་བུ་ལེགས
iiif viewer powered by OpenSeadragon
43b - 44b