| | e-texts navigator
|
42b1 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་དེ་སྐད་ཅེས་བཀའ་སྩལ་པ། ཅི་དེ་བཞིན་གཤེགས་པས་གང་སྐྱེ་བ་འམ། འགག་པར་འགྱུར་བའི་གང་ཟག་དེ་རྙེད་དམ། སྨྲས་པ་སྐུའི་བུ
42b2 དེ་བཞིན་གཤེགས་པས་གང་སྐྱེ་བ་འམ། འགག་པར་འགྱུར་བའི་ཆོས་གང་ཡང་མ་རྙེད་དོ།། སྨྲས་པ། རིགས་ཀྱི་བུ་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་ནི་སངས་རྒྱས་འབྱུང་བར་ཡང་འཆད་མོད་ཀྱི། དེ་བཞིན
42b3 གཤེགས་པའི་ཆོས་ཉིད་ནི་འབྱུང་བ་འམ། འགག་པ་མེད་དེ། དེ་བཞིན་གཤེགས་པ་ནི་སངས་རྒྱས་ཡོངས་སུ་མྱ་ངན་ལས་པ་འདའ་བར་ཡང་འཆད་མོད་ཀྱི། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ནི་ཡོངས་སུ་མྱ་ངན
42b4 ལས་ཀྱང་མི་འདའོ། ། སྨྲས་པ། ལྷའི་བུ་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་ད་ལྟར་མངོན་པར་རྫོགས་པར་སངས་མ་རྒྱས་སམ། སྨྲས་པ། རིགས་ཀྱི་བུ་མི་སྐྱེ་བའི་ཆོས་ཉིད་ནི་ཇི་ལྟ་བ་དང་། མི་འགོག་པའི་ཆོས
42b5 ཉིད་ཇི་ལྟ་བ་དེ་བཞིན་དུ། དེ་བཞིན་གཤེགས་པ་སྐྱེས་ཤིང་མངོན་པར་རྫོགས་པར་སངས་རྒྱས་ཏེ་རིགས་ཀྱི་བུ་དག་ནི་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། ཡོངས་སུ་མྱ་ངན
42b6 ལས་འདས་པ་ཐ་དད་པར་མི་འདོད་དོ། ། སྨྲས་པ། ཅིའི་ཕྱིར། སྨྲས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ནི་ཆོས་ཐམས་ཅད་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པར་མངོན་པར་རྫོགས་པར་སངས
42b7 རྒྱས་སོ། ། སྨྲས་པ་ལྔའི་བུ། ཆོས་གང་ཤིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་དེ་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་ནུས་སམ། སྨྲས་པ། རིགས་ཀྱི་བུ་ཇི་ལྟར་ཡོངས་སུ་མྱ་ངན་ལས་འདས་པ་དེ་བཞིན་དུ། ངེས
iiif viewer powered by OpenSeadragon
42a - 43a