| | e-texts navigator
|
42a1 ཀྱི་བུ་དེ་ལྟ་བས་ན། ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཇི་ལྟ་བུར་འགྲོ་བ་ཡིན་ཞེས་གང་དེ་སྐད་སྨྲས་པ་ནི། དེ་བཞིན་གཤེགས་པའི་འགྲོ་བ་གང་ཡིན་པ་ཏིང་ངེ་འཛིན་པ་དེའི་འགྲོ་བ།
42a2 ཡང་དེ་ཡིན་ནོ།། སྨྲས་པ། ལྷའི་བུ་དེ་བཞིན་གཤེགས་པ་ཇི་ལྟ་བུར་གཤེགས། སྨྲས་པ། དེ་བཞིན་གཤེགས་པ་ནི་དེ་བཞིན་ཉིད་ཀྱི་ཕྱིར། མི་འགྲོ་བར་གཤེགས་སོ།། སྨྲས་པ། ལྷའི་བུ་དེ་བཞིན
42a3 གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་མི་གཤེགས་སམ། སྨྲས་པ། རིགས་ཀྱི་བུ་ཆོས་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བར་འགྲོ་བ་ཡིན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ཡོངས་སུ
42a4 མྱ་ངན་ལས་འདའ་བར་གཤེགས་པ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདའ་བའི་འགྲོ་བ་ནི་ཡོངས་སུ་མྱ་ངན་ལས་མི་འདའོ།། སྨྲས་པ། ལྷའི་བུ་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད
42a5 ། ཡོངས་སུ་མྱ་ངན་ལས་མ་འདས་སམ། སྨྲས་པ། ཅི་རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྐྱེས་སམ། སྨྲས་པ། ལྷའི་བུ་དེ་ནི་དེ་བཞིན་གཤེགས་པས། སངས་རྒྱས་བཅོམ་ལྡན་འདས
42a6 དྷཱའི་ཀླུང་གི་བྱེ་མ་སྙེད་སྐྱེས་ལ། མྱ་ངན་ལས་འདས་སོ་ཞེས་བཀའ་སྩལ་ཏོ།། སྨྲས་པ། རིགས་ཀྱི་བུ་གང་ཡང་དེ་བཞིན་གཤེགས་པས། ལཱུ་དང་མེའི་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར། སྐྱེ་བོ་མང་པོ་ལ་བདེ
42a7 བའི་ཕྱིར། ། འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་གྱི་ཕྱིར་ཕན་པའི་ཕྱིར། བདེ་བའི་ཕྱིར། གང་ཟག་གཅིག་འཇིག་རྟེན་དུ་འབྱུང་ན་འབྱུང་སྟེ། འདི་ལྟ་སྟེ། དེ་བཞིན
iiif viewer powered by OpenSeadragon
41b - 42b