e-texts navigator
Collection
Volume
Page
Wylie

41a1 ཅད་མེད་པའི་ཕྱིར། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་བསླབ་པར་བྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་ལྷའི་བུ་སངས་རྒྱས་བློ་གྲོས
41a2 མངོན་སུམ་ལ་འདི་སྐད་ཅེས་སྨྲས་སོ། ། ལྷའི་བུ་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་ཐོབ་པར་འདོད་པས། གང་ལ་བརྩོན་པར་བྱ། སྨྲས་པ་རིག་ཀྱི་བུ་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་ཐོབ་པར
41a3 བདོད་པས། སོ་སོའི་སྐྱེ་བོའི་ཆོས་རྣམས་ལ་བརྩོན་པར་བྱའོ།། སྨྲས་པ། ལྷའི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་སོ་སོའི་སྐྱེ་བོའི་ཆོས་རྣམས་ལ་བརྩོན་པར་བྱ། སྨྲས་པ་ཅི་ནས་ཀྱང་སོ་སོའི་སྐྱེ་བོའི་ཆོས
41a4 རྣམས་སངས་རྒྱས་ཀྱི་ཆོས་རྣམས་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་པར་མཐོང་བ། དེ་ལྟ་བུར་རིགས་ཀྱི་བུ་བྱང་ཆུབ་སེམས་དཔས། སོ་སོའི་སྐྱེ་བོའི་ཆོས་ལ་བརྩོན་པར་བྱའོ།། སྨྲས་པ། ལྷའི
41a5 བུ་ཅི་སངས་རྒྱས་ཀྱི་ཆོས་རྣམས་ལྡན་པ་འམ། མི་ལྡན་པར་ཉེ་བར་གནས་སམ། སྨྲས་པ། རིགས་ཀྱི་བུ་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་སྦྱར་བའམ། དཔྲལ་བར་མི་ནུས་ཏེ་གང་ཡང་རིགས་ཀྱི་བུ་སངས་རྒྱས་ཀྱི་ཆོས
41a6 རྣམས་དང་། སོ་སོའི་སྐྱེ་བོའི་ཆོས་རྣམས་ནི་ག་སུ་མ་ཅིང་གཉི་སུ་དབྱེར་མེད་དེ། ཚུལ་གཅིག་པས་དེའི་ཕྱིར་བརྩོན་པ་ཞེས་བྱའོ།། རིགས་ཀྱི་བུ་འདི་ལ་སྦྱར་བ་འམ། དཔྲལ་བར་བྱ་བའི་ཆོས་ནི་གང་ཡང་མེད་དོ།། དེ་ཅིག
41a7 ཕྱིར་ཞེ་ན། རིགས་ཀྱི་བུ་ཆོས་ཐམས་ཅད་ནི་མི་སྐྱེ་བའི་དེ་བཞིན་ཉིད་དང་ལྡན་ནོ།། ཆོས་ཐམས་ཅད་ནི་མི་འགོག་པའི་དེ་བཞིན་ཉིད་དང་ལྡན་ནོ།། ཆོས་ཐམས་ཅད་ནི་མི་འཁྲུག་པའི་དེ་བཞིན་ཉིད་དང་ལྡན་ནོ་ཆོས




iiif viewer powered by OpenSeadragon

40b - 41b

Texts on this page

S67 - 'phags pa dpa' bar 'gro ba'i ting nge 'dzin zhes bya ba theg pa chen po'i mdo