e-texts navigator
Collection
Volume
Page
Wylie

18a1 དེ་བཞིན་དུ་ནི་ལུས་གཅིག་ལ།། སྡིག་མེད་ལུས་ཀུན་སྟོན་པར་བྱེད།། ཞིང་ཀུན་དཔེར་ན་ནམ་མཁའ་བཞིན།། དག་པ་ཉིད་དུ་རྟོགས་པར་འགྱུར།། དེ་ནི་བདག་གི་ལུས་ཀྱིས་ཀྱང་།
18a2 ཞིང་རྣམས་ཐམས་ཅད་ཁྱབ་པར་བྱེད།། བདག་གི་ལུས་དང་ཆོས་ཀྱི་དབྱིངས།། དེ་གཉིས་མཉམ་པར་རབ་ཏུ་ཤེས།། ཆོས་ཀྱི་དབྱིངས་ནི་མཚན་མ་མེད།། སྣང་བ་མེད་པ་ཉིད་དུ་རྟོགས།། སྣ་ཚོགས་ཀྱི་ནི
18a3 ཐབས་ལ་མཁས། ། སྒྲབསམ་མི་ཁྱབ་ནམ་མཁའ་བཞིན།། དོན་རིག་ཚིག་གཅིག་བརྩམ་བྱས་ནས།། བསྐལ་བཞི་བར་དུ་འཆད་པར་བྱེད།། སེམས་ཅན་ཆེན་པོ་ཆོས་ཀུན་ལ།། སངས་རྒྱས་ཀྱི་ནི
18a4 ཆོས་སུ་རྟོག། ཚིག་གི་རབ་ཏུ་དབྱེ་བསྟན་ལ།། དེའི་མཁས་པ་འཇུག་པར་འགྱུར།། རྒྱུད་ཀྱི་རྣམ་པ་སྣ་ཚོགས་པ།། ཟུང་དང་སྣལ་ཞི་སྒྲུབ་པར་བྱེད།། བདུད་ཀྱི་ལམ་ནི་མནན་གྱུར་ནས།། ལུས་ལས
18a5 འོད་གཟེར་གཏོང་བར་བྱེད། ། དེའི་ལུས་དང་ངག་ཡིད་ཀྱི།། ལས་ནི་ཡེ་ཤེས་སྔོན་དུ་འགྲོ། དེ་ནི་ཚེ་རབས་ཚེ་རབས་སུ།། རྫུ་འཕྲུལ་མངོན་པར་ཐོབ་པར་འགྱུར།། སོ་སོར་རིག་པའི་སྟོབས་བསྐྱེད་པས།
18a6 དབང་ལྡན་ཆོས་ཀྱི་དབྱིངས་སུ་ནི།། རྣམ་པར་འཕྲུལ་པ་དུ་མ་བྱེད།། གཡོ་བ་མེད་པའི་གནས་འཆད་དོ།། བསྡུ་བ་རྣམ་པ་བཞི་པོ་ཡིས།། སེམས་ཅན་བུ་ཅིག་བཞིན་དུ་སྡུད།། དེ་དག་གི་ནི་སྨྲ་བ
18a7 དང་། ། སྒྲ་དང་སྐད་ཀྱང་ཤེས་པར་འགྱུར།། དེས་ནི་སྒྱུ་མ་འདྲ་བའི་ཆོས།། བྱིན་གྱིས་བརླབས་ནས་རྣམ་པར་འཕྲུལ།། སེམས་ཅན་ཐམས་ཅད་སྐྱེ་བར་གནས།། ནམ་མཁའ་ལྟ་བུར་སྣང་བར་འགྱུར།།




iiif viewer powered by OpenSeadragon

17b - 18b

Texts on this page

S67 - 'phags pa dpa' bar 'gro ba'i ting nge 'dzin zhes bya ba theg pa chen po'i mdo