| | e-texts navigator
|
17a1 ལྟར། ། དཔའ་བོ་དེས་ནི་གཟུགས་ཀུན་ཀྱང་།། ཏིང་ངེ་འཛིན་གྱི་རིམ་གྱིས་སྟོན།། སྒྲ་ཀུན་གྱི་ནི་མཉམ་པ་ཉིད།། བྲག་ཆ་ལྟ་བུར་རྣམ་དག་དང་།། སེམས་ཅན་ཀུན།
17a2 གྱི་སྐད་རྣམས་ཀྱང་།། སྐད་ཅིག་ཙམ་གྱིས་དེ་ཤེས་སོ།། གཟུངས་དང་ཡེ་ཤེས་ལྡན་པས་ན།། སྐད་ཀྱི་བྱེད་ལ་མྱུར་དུ་འཇུག། སྒྲ་དབྱངས་ཀྱི་ནི་ཐོག་མའི་མཐའ།། ཇི་ལྟར་ཤིན་ཏུ་རྟོག
17a3 པབར་འགྱུར། ། རྡུལ་མེད་དྲན་དང་བློ་གྲོས་ཀྱིས།། ཐུབ་པ་གཤེགས་པར་མྱུར་དུ་འཇུག། ལེགས་བཤད་པས་ན་སེམས་ཅན་ལ།། སྡིག་པ་མེད་པ་ཡིད་དགའ་བྱེད།། སེམས་ཅན་རྣམས
17a4 ལ་ཅི་རིག་པར། ། དགྲ་འཇོམ་པ་ནི་ཆོས་འཆད་དེ།། མི་ཡི་དུས་དང་དུས་མ་ཡིན།། བློས་ནི་རྣམ་པར་རྟོག་པར་བྱེད།། ཇི་ལྟར་དབང་པོ་རྣམས་བྱུང་བ།། དེ་ལྟ་ཉིད་དུ་ཕྱི་ཕྱིར་ཞིང་།། ཆོ་ག
17a5 བཞིན་དུ་ཤེས་གྱུར་ནས། ། བརྟན་པ་བརྟན་པ་དོན་ཡོད་སྟོན།། ཡང་དག་མཐའ་ནི་ཕྲ་བ་ཉིད།། ནད་དང་བྲལ་བས་རྟོགས་པར་འགྱུར།། སེམས་ཅན་བསྡུ་དང་ཚར་གཅད་ལ།། དུས་རྣམ
17a6 ཀུན་ཏུ་མཁས་པར་འགྱུར། ། རྟོག་དང་རྣམ་པར་རྟོག་ཀུན་བཅོམ།། ཀུན་ཏུ་རྟོག་པས་མ་བསྒྲིབས་པ།། ཕ་རོལ་ཕྱིན་པའི་ཕ་རོལ་ཐོབ།། སྤྱོད་ལམ་ལ་ནི་མི་རྟོག་གོ།། ཆོས་དབྱིངས་འདྲེས
17a7 པ་མེད་པ་ཡང་། ། ཡེ་ཤེས་ཀྱིས་ནི་རྟོགས་པར་འགྱུར།། སངས་རྒྱས་གང་དག་ཕྱོགས་བཞུགས་པ།། སྐད་ཅིག་ཏུ་ཡང་ཀུན་ཏུ་སྣང་།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། ཆོས
iiif viewer powered by OpenSeadragon
16b - 17b