e-texts navigator
Collection
Volume
Page
Wylie

15b1 ཞིང་རབ་ཏུ་ཞི་ལ་ཉེ་བར་ཞི་བ་དང་། ཐོས་པ་ཚད་མེད་པ་འཛིན་པ་རྫོགས་པ་དང་། ཐོས་པ་ཐམས་ཅད་ཀྱི་ནན་ཏན་རྒྱུན་མི་གཅོད་པ་དང་། འཇིག་རྟེན་གྱི་བྱ་བ་རྣམ་པ་སྣ་ཚོགས་ཀྱི་རྗེས་སུ་འཇུག།
15b2 པ་དང་། འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མི་གོས་པ་དང་། བསྐལ་པ་གྲངས་མེད་པ་སྔ་དྲོ་གཅིག་ཏུ་བྱིན་གྱིས་རློབ་ཅིང་། ཆོས་འཆད་པ་དང་། སྤྱོད་ལམ་ཐམས་ཅད་དུ་ལྐུགས་བ་དང་།
15b3 གྲུམ་པོ་དང་། རྣ་བ་མི་གསང་བ་དང་། གླེན་པ་དང་། འོན་པ་དང་། ལོང་བ་སྟོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། ལྕེའི་དབང་པོས་སངས་རྒྱས་ཀྱི་ཞིང་མ་ལུས་པ་ཐམས་ཅད
15b4 ཁེབས་པ་ཁྱེད་དང་། སངས་རྒྱས་མེད་པའི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་བྱུང་བ་སྟོན་པ་དང་། ལག་ན་རྡོ་རྗེ་འབུམ་རྟག་ཏུ་ཕྱི་བཞིན་འབྲང་བ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ར
15b5 བྱུང་གི་ཡེ་ཤེས་ལ་རྣམ་པར་ལྟ་བ་མངོན་སུམ་དུ་གྱུར་པ་དང་། རྟག་པར་འདུ་ཤེས་པའི་སེམས་ཅན་རྣམས་ལ་སྲེག་པའི་བསྐལ་པ་སྟོན་པ་དང་། ཚེའི་ཚད་བསྐལ་པ་ཚད་མེད་པ་བྱེ་བ་ཁྲག་ཁྲིག
15b6 བརྒྱ་སྟོང་དུ་བྱིན་གྱིས་རློབ་པ་དང་། སེམས་ཀྱིས་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྟོན་ཅིང་འགྲོ་བ་ཤེས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད
15b7 ཀྱི་སྤྱོད་ལམ་སྟོན་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་རྒྱུན་མི་གཅོད་པ་དང་། ཞི་ཞིང་རབ་ཏུ་ཞི་ལ་ཉེ་བར་ཞི་བ་དང་། མཚན་མ་མེད་པ་ལ་གནས་པ་དང་། སིལ་སྙན་དང་།




iiif viewer powered by OpenSeadragon

15a - 16a

Texts on this page

S67 - 'phags pa dpa' bar 'gro ba'i ting nge 'dzin zhes bya ba theg pa chen po'i mdo