| | e-texts navigator
|
13b1 འཕྲུལ་པས་རྣམ་པར་རྩེ་བ་དང་། སྒྲ་སྐད་ཐམས་ཅད་བྲག་ཆའི་སྒྲ་དང་མཉམ་པ་དང་། དབྱངས་ཀྱི་ཡན་ལག་རྣམ་པར་དག་པ་དང་། གཟུངས་ལ་འཇུག་པ་ཤེས་པ་དང་། སེམས་ཅན་ཐམས
13b2 ཅད་ལེགས་པར་བཤད་པས་ཚིམ་པར་བྱེད་པ་དང་། སོ་སོ་ཅི་རིགས་པར་ཆོས་འཆད་པ་དང་། དུས་དང་དུས་མ་ཡིན་པ་ལ་རྣམ་པར་ལྟ་བ་དང་དབང་པོ་འགྱུར་བ་ཤེས་པ་དང་། ཆོས་འཆང་བ་དོན་མེད
13b3 པ་མ་ཡིན་པ་དང་། ཡང་དག་པའི་མཐའ་ལ་འཇུག་པ་ཤེས་པ་དང་། སེམས་ཅན་ཐམས་ཅད་རབ་ཏུ་བཟུང་བ་དང་། ཚར་གཅད་པ་ལ་མཁས་པ་ཤེས་པ་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད
13b4 ཡོངས་སུ་རྫོགས་པ་དང་། སྤྱོད་ལམ་རྣམ་པར་མ་བརྟགས་པ་དང་། རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་ཐམས་ཅད་ཡང་དག་པར་བཅོམ་པ་དང་། ཆོས་ཀྱི་དབྱིངས
13b5 མི་དད་པ་མཉམ་པའི་ངོས་ལ་འཇུག་པ་ཤེས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་དུ་སྐད་ཅིག་གིས་ལུས་སྟོན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས
13b6 བཤད་པ་འཛིན་ཅིང་མི་བརྗེད་པ་དང་། མིག་ཡོར་ལྟ་བུའི་ལུས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྣམ་པར་འཕྲུལ་པ་དང་། ཐེག་པ་ཐམས་ཅད་ཀྱིས་ངེས་པར་འབྱུང་བ་སྟོན་པ་ལ་མཁས
13b7 པ་དང་། ཐེག་པ་ཆེན་པོ་ལས་མི་ཉམས་པ་དང་། དཀོན་མཆོག་གསུམ་གྱི་རིགས་འཛིན་པ་དང་། ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པར་གོ་ཆ་སྲ་ཞིང་ཡོངས་སུ་མི་སྐྱོ་བ་དང་། སྐྱེ
iiif viewer powered by OpenSeadragon
13a - 14a