| | e-texts navigator
|
272a1 ཀླུ་དང་། གནོད་སྦྱིན་གཞན་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ།། བསྐལ་པ་སྟོང་ཕྲག་དུ་འཁོར་བ་ལས་ཕྱིར
272a2 ཕྱོགས་པར་བྱེད་པར་འགྱུར་རོ་ཞེས་གསུངས་སོ། ། དེ་དག་གིས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡོངས་སུ་བཟུང་བར་འགྱུར་རོ།། འོད་སྲུངས་ཆེན་པོ་ནུབ་ཕྱོགས་ན་སངས་རྒྱས་ཀྱི་ཞིང་འདི
272a3 ནས། འཇིག་རྟེན་གྱི་ཁམས་ཆུ་བོ་གངྒཱའི་གསུམ་གྱི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་ལེགས་པར་རྣམ་པར་ཕྱེ་བ་རྣམ་པར་འབྱེད་པ་ཞེས་བྱ་བ་ཡོད་དོ།། དེ་ན་དེ་བཞིན་གཤེགས་པ་དགྲ
272a4 བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐུ་སྣང་ཆེ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚེ་ལ་ག་ཞེས་སོ། ། འོད་སྲུངས་ཆེན་པོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར
272a5 ཞུགས་པ་གང་སུ་དག། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐུ་སྣང་ཆེ་དེའི་མཚན་འཛིན་པར་བྱེད་པ་དེ་དག་ནི། སྲིད་པར་སྐྱེས་པ་ན་ཚེ་རབས
272a6 དྲན་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པ་ཞེས་བྱ་བ་ཡང་ཐོབ་པར་འགྱུར་ཏེ། དེ་ལ་གནས་ནས་སངས་རྒྱས་ཀྱི་ཞིང་ཆུ་བོ་གངྒཱའི་བྱེ་མ་སྙེད་ཀྱི་སངས་རྒྱས
272a7 ཀྱིཞིང་རྣམས་དང་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱང་མཐོང་བར་འགྱུར་རོ། ། འོད་སྲུངས་ཆེན་པོ་དེ་ལྟར་ན་མི་ཕམ་པ་དང་འདྲ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་གང་ངག་ཡིན་པའི
iiif viewer powered by OpenSeadragon
271b - 272b