e-texts navigator
Collection
Volume
Page
Wylie

271b1 གྱི་ཡི་མི་འཆད་པར་བྱ་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དང་། བསྐལ་པ་སྟོང་ཕྲག་སུམ་ཅུར་འཁོར་བ་ལས་ཕྱིར་ཕྱོགས་པར་འགྱུར་བ་དང
271b2 དེ་དག་གིས་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་བཟུང་བར་འགྱུར་བ་འདི་དག་ཐོབ་པར་བཏབ་པོ། ། འོད་སྲུངས་ཆེན་པོ་ལྷོ་ཕྱོགས་ན་སངས་རྒྱས་ཀྱི་ཞིང་འདི་ནས། འཇིག་རྟེན་གྱི་ཁམས་ཆུ་བོ་གངྒཱ།
271b3 བརྒྱད་ཀྱི་བྱེ་མ་སྙེད་འདས་པ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་དམ་པ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་སོ།། འོད་སྲུངས་ཆེན་པོ
271b4 རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་གང་སུ་དག། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན
271b5 དམ་པ་དེའི་མཚན་འཛིན་པར་བྱེད་པ་དེ་དག་ནི། སྲིད་པར་སྐྱེས་པ་ན་ཚེ་རབས་དྲན་པར་འགྱུར་རོ།། མངལ་ན་འདུག་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གཟིགས་པ་དང་། སངས་རྒྱས
271b6 བཅོམ་ལྡན་འདས་རྣམས་མཐོང་བ་དང་། མཉེས་པར་བྱེད་པར་འགྱུར་རོ།། དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཞལ་ནས་རིགས་ཀྱི་བུ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི
271b7 བྱང་ཆུབ་ཏུ་ངེས་པར་འབྱུང་བ་ཡིན་ནོ། ། རིགས་ཀྱི་བུ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ནོ།། རིགས་ཀྱི་བུ་ཁྱོད་མངལ་ན་འདུག་བཞིན་དུ་ལྷ་དང་།




iiif viewer powered by OpenSeadragon

271a - 272a

Texts on this page

S64 - 'phags pa sangs rgyas kyi dbu rgyan zhes bya ba theg pa chen po'i mdo chos kyi rnam grangs chen po