e-texts navigator
Collection
Volume
Page
Wylie

270b1 ཁམས་སྒྲ་ཡིད་འོང་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གོ་འཕང་མཐའ་ཡས་རྣམ་པར་གནོན་ཅེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ
270b2 ལ་གཞེས་སོ། ། འོད་སྲུངས་ཆེན་པོ་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་སུ་དག། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང
270b3 དག་པར་རྫོགས་པའི་སངས་རྒྱས་གོ་འཕང་མཐའ་ཡས་རྣམ་པར་གནོན་དེའི་མཚན་འཛིན་པར་བྱེད་པ་དེ་དག་ནི་སྲིད་པར་སྐྱེས་པ་ན། ཚེ་རབས་དྲན་པར་འགྱུར་རོ།། བྱང་ཆུབ་སེམས་དཔའི་ཏིང
270b4 ངེ་འཛིན་ཟླ་བའི་དཀྱིལ་འཁོར་རྣམ་པར་དག་པ་ཞེས་བྱ་བ་ཡང་ཐོབ་པར་འགྱུར་ཏེ། དེ་ནས་ཤར་ཕྱོགས་སུ་ཆུ་བོ་གངྒཱའི་བྱེ་མ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་མཐོང་བར་འགྱུར་རོ།། དེ་བཞིན
270b5 དུ་ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་འོག་དང་སྟེང་གི་ཕྱོགས་དང་། ཕྱོགས་བཅུ་ཀུན་ཏུ་ཡང་ཕྱོགས་རེ་རེར་ཆུ་བོ་གངྒཱའི
270b6 བྱེ་མ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་མཐོང་བར་འགྱུར་རོ། ། དེ་རྣམས་ཀྱིས་ཆོས་བསྟན་པ་ཡང་ཡང་དག་པར་ཤེས་པར་འགྱུར་རོ།། རྟག་ཏུ་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པར་འགྱུར་རོ།།
270b7 བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་དང་མི་འབྲལ་བར་འགྱུར་རོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ།།




iiif viewer powered by OpenSeadragon

270a - 271a

Texts on this page

S64 - 'phags pa sangs rgyas kyi dbu rgyan zhes bya ba theg pa chen po'i mdo chos kyi rnam grangs chen po