| | e-texts navigator
|
270a1 བའི་དཔལ་དེའི་མཚན་འཛིན་པར་བྱེད་པ་དེ་དག་ནི་སྲིད་པར་སྐྱེས་པ་ན་འདུག་སྟེ་ཆོས་སྟོན་པར་འགྱུར་རོ། ། འདོད་ནཱ་འཛམ་བུའི་གླིང་འདི་སྐད་ཀྱིས་གོ་བར་བྱེད་པར་འགྱུར་རོ།།
270a2 འདོད་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྐད་ཀྱིས་གོ་བར་བྱེད་པར་འགྱུར་རོ།། ཆོས་འཆད་པ་ན་སེམས་ཅན་གང་དག་ཇི་ལྟར་མོས་པ་དང་། ཇི་ནས་ཀྱང་བླ་ན་མེད་པ་ཡང་དག་པར
270a3 རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་བུར་དེ་དག་ལ་ཆོས་བསྟོན་པར་འགྱུར་རོ། ། བསྐལ་པ་སྟོང་ཕྲག་དྲུག་ཅུར་འཁོར་བ་ལས་ཕྱིར་ཕྱོགས་པར་འགྱུར་རོ།། འོད་སྲུངས་ཆེན་པོ
270a4 ཤར་ཕྱོགས་ན་སངས་རྒྱས་ཀྱི་ཞིང་འདི་ནས་འཇིག་རྟེན་གྱི་ཁམས་སྟོང་ཕྲག་དྲག་ཅུ་འདས་པ་ན་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར
270a5 རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་སོ། ། འོད་སྲུངས་ཆེན་པོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་སུ
270a6 དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡངངྒ་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོ་དེའི་མཚན་འཛིན་པར་བྱེད་པ་དེ་དག་ནི། སྲིད་པར་སྐྱེས་པ་ནི་ཚེ་རབས་དྲན་པར་འགྱུར་རོ།། རིན
270a7 པོ་ཆེ་བདུན་པོ་བྱང་ཆུབ་ཀྱི་ཡན་ལག་རིང་པོ་རྣམས་ཐོབ་པར་འགྱུར་རོ། ། འོད་སྲུངས་ཆེན་པོ་ལྷོ་ཕྱོགས་ན་སངས་རྒྱས་ཀྱི་ཞིང་འདི་ནས། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་དྲུག་ཅུ་འདས་པ་ན། འཇིག་རྟེན་གྱི
iiif viewer powered by OpenSeadragon
269b - 270b