e-texts navigator
Collection
Volume
Page
Wylie

268b1 ལས་ཕྱིར་ཕྱོགས་པར་ཡང་འགྱུར་རོ། ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ།། འོད་སྲུངས་ཆེན་པོ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཆུ་བོ་གངྒ་ལྔའི
268b2 བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་བསགས་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏིང་ངེ་འཛིན་དམ་པ་རྣམ
268b3 པར་གནོན་པའི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་སོ། ། འོད་སྲུངས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏིང་ངེ་འཛིན་དམ་པ་རྣམ་པར
268b4 གནོན་པའི་དཔལ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྨོན་ལམ་ཆེན་པོ་འདིལྟ་བུ་འདི་སྐད་ཅེས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ
268b5 གང་སུ་དག་བདག་གི་མིང་འཛིན་པར་བྱེད་པ་དེ་དག་སྲིད་པར་སྐྱེས་པ་ནི། སྐྱེས་ཤིང་སྐྱེས་པ་ཐམས་ཅད་དུ་རབ་ཏུ་བྱུང་བ་ཐོབ་པར་འགྱུར་བ་དང་། རབ་ཏུ་འབྱུང་བ་ཐོབ་ནས་ཏིང་ངེ་འཛིན་གདེང་ཐོབ་པ་དང་།
268b6 ཏིང་ངེ་འཛིན་གཅིག་ཁོ་ནས་ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མངོན་པར་སྒྲུབ་པ་དང་། ཏིང་ངེ་འཛིན་དེ་དག་ལས་ཀྱང་རྣམ་པར་མི་ཉམས་པ་དང་། འདས་པའི་སངས་རྒྱས་ཡོངས་སུ་མྱ་ངན
268b7 ལས་འདས་པ་ཁྲི་བོ་གང་དག་དང་། ཆོས་སྟོན་པ་ལ་བལྟ་བར་བྱེད་པ་དང་། འདས་པའི་ཇི་ལྟ་བ་བཞིན་དུ་ད་ལྟར་བྱུང་བ་རྣམས་ལ་ཡང་དེ་བཞིན་དུ་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི




iiif viewer powered by OpenSeadragon

268a - 269a

Texts on this page

S64 - 'phags pa sangs rgyas kyi dbu rgyan zhes bya ba theg pa chen po'i mdo chos kyi rnam grangs chen po