| | e-texts navigator
|
267b1 གངྒཱ་གསུམ་གྱི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་རྡུལ་བྲལ་བསགས་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་དཀྱིལ
267b2 འཁོར་སྣང་བ་དམ་པའི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚེ་ལ་ག་ཞེས་ཏེ་ཆོས་ཀྱང་སྟོན་ཏོ། ། འོད་སྲུངས་ཆེན་པོ་སངས་རྒྱས་ཀྱིས་ཞིང་དེ་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་འོད་ཅེས
267b3 བྱ་བ་ཡོད་དེ། དེ་ནས་དེ་བཞིན་གཤེགས་པ་དེ་འདས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱས་པར་འགྱུར་རོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང
267b4 དག་པར་རྫོགས་པའི་སངས་རྒྱས་འཕགས་པའི་དཔལ་ཐམས་ཅད་རྫོགས་པ་མཚན་དམ་པའི་ལུས་ཀྱི་སྐུ་ཅན་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། ། འོད་སྲུངས་ཆེན་པོ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ
267b5 བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་གང་སུ་དག། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཕགས་པའི་དཔལ་ཐམས་ཅད
267b6 རྫོགས་པ་མཚན་དམ་པའི་སྐུ་ཅན་དེ་དང་། བྱང་ཆུབ་སེམས་དཔའི་ཉི་འོད་དེའི་མཚན་འཛིན་པར་བྱེད་པ་དེ་དག་ནི། སྲིད་པར་སྐྱེས་པ་ན་ཚེ་རབས་དྲན་པར་འགྱུར་རོ།། དགེ་བའི་ཆོས་ཐམས་ཅད་ལ་ཉི
267b7 མའི་དཀྱིལ་འཁོར་ལྟར་སྣང་བ་ཐོབ་པར་འགྱུར་རོ། ། དེ་དག་ལ་ངན་སོང་གསུམ་པོ་དག་ཏུ་ལོག་པར་ལྟུང་བའི་འཇིགས་པ་ཡང་མེད་པར་རིག་པར་བྱའོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི
iiif viewer powered by OpenSeadragon
267a - 268a