| | e-texts navigator
|
266a1 @མ་མཧཱ་ཡཱན་སཱུ་དྲན་མཧཱ་དྷམ་འདྲ་ཡན། བོད་སྐད་དུ། འཕགས་པ་སངས་རྒྱས་ཀྱི་དབུ་རྒྱན་ཞེས་བྱ་བ་ཐེག་པ་ཆེན་པོ་མདོ་ཆོས་ཀྱི་རྣམ་གྲངས་ཆེན་པོ།། སངས་རྒྱས་དང
266a2 བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན
266a3 ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ། སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་རྣམས་དང་ཐབས་ཅིག། བྱང་ཆུབ་སེམས་དཔའི་འཁོར་ཆེན་པོ་བྱམས་པ་དང་། འཇམ་དཔལ་ལ་སོགས་པ
266a4 དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། དྲང་སྲོང་དང་། རིག་སྔགས་འཆང་དང་། ལྷའི་བུ་མོའི་ཚོགས་དུ་མ་རྣམས་དང་ཡང་ཐབས་ཅིག་ཏུ་བཞུགས་སོ།།
266a5 དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ལ་བཀའ་སྩལ་པ། འོད་སྲུངས་ཆེན་པོ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱ་བའི་རྒྱུ་རབ
266a6 ཏུ་བསྟན་པར་བྱས། དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་བྱོས་ཤིག་དང་། ངས་ཁྱོད་ལ་བཤད་དོ།། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་བཅོམ
266a7 ལྡན་འདས་ལ་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་ཆེན་པོ་ཤར་ཕྱོགས་ན་སངས་རྒྱས་ཀྱི་ཞིང་འདི་ནས་འཇིག་རྟེན་གྱི་ཁམས་ཆུ་བོ་གངྒའི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན
iiif viewer powered by OpenSeadragon
265b - 266b