| | e-texts navigator
|
145a1 གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་བསྒྱུར་བས། དེ་བཞིན་གཤེགས་པའི་སྐུ་ལ་སྤུའི་ཁུང་བུ་གཅིག་ཏུ་འགྱུར་རོ།། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ
145a2 ལ། སྤུའི་ཁུང་བུ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་རེ་རེ་ནས་འགྲུབ་པར་འགྱུར་ཏེ། འཇམ་དཔལ་གང་སྤུའི་ཁུང་བུ་ཐམས་ཅད་དུ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ། བྱེ་བ
145a3 ཁྲག་ཁྲིག་བརྒྱ་སྟོང་དུ་མར་བསྒྱུར་བས། དེ་བཞིན་གཤེགས་པའི་སྐུ་ལ་དཔེ་བྱད་བཟང་པོ་གཅིག་ཏུ་འགྱུར་རོ།། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ལ་དཔེ་བྱད་བཟང་པོ་བརྒྱད་ཅུ་རེ་རེ་ནས་འགྲུབ་པར་འགྱུར་ཏེ།
145a4 འཇམ་དཔལ་དཔེ་བྱད་བཟང་པོ་བརྒྱད་ཅུར་གཏོགས་པའི་གང་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པའི་བསོད་ནམས་ཀྱི་ཕུང་པོ་དེ། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་བསྒྱུར་བས། དེ་བཞིན་གཤེགས་པའི་ཕྱག་གམ
145a5 ཞབས་གཅིག་རི་མོ་རྗེ་ཀྱི་མཚན་དུ་འགྱུར་རོ། ། དེ་ལྟར་རི་མོ་རྗེས་ཀྱི་མཚན་བརྒྱད་ཅུ་ལ། འདི་ལྟ་སྟེ། གདུགས་དང་རྒྱལ་མཚན་དང་། དཔལ་བེའུ་དང་། འཕྲེང་བ་དང་། ཀྱོ་བ་ཐང་དང་། ཅོད་པ་ཎ་དང་།
145a6 དབྱིག་ཏོ་དང་། བུམ་པ་དང་། གླང་པོ་དང་། རྟ་དང་། སྟག་དང་། ཆུ་སྲིན་དང་། ཉ་དང་། རུས་སྦལ་དང་། རྨ་བྱ་དང་། ཀ་ལ་བིངྒ་དང་། ཤང་ཤང་ཏེའུ་དང་། ཙཱ་ཤ་དང་། ངུར་པ་དང་། ནེ་ཙོ་དང་།
145a7 ང་པ་དང་། ཐི་བ་དང་། ནས་དང་། སྨན་ཆེན་པོ་དང་། འོད་མ་དང་། བ་མེན་དང་། ཀླུ་དང་། ར་དང་། ཁྱུ་མཆོག་དང་། རི་དང་། བིལ་བ་དང་། ཤིང་དང་། རི་དགས་ནགས་པོ་དང་། ནོར་བུ་རིན་པོ
iiif viewer powered by OpenSeadragon
144b - 145b