| | e-texts navigator
|
144a1 ལྡན་པར་གྱུར་ལ། གང་སེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་སུ་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་བརྒྱ་སྟོང་དུ་བསྒྱུར་བས། གང་སྟོང་གཉིས་ཀྱི་འཇིག་རྟེན་གྱི
144a2 ཁམས་བྱམས་པས་ཁྱབ་སྟོང་གཉིས་ཀྱི་བདག་པོ་ཚངས་པར་འགྱུར་རོ། ། འཇམ་དཔལ་སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྟོང་གཉིས་ཀྱི་བདག་པོ
144a3 ཚངས་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ལ། གང་སེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་བརྒྱ་སྟོང་དུ་བསྒྱུར་བས། གང་སྟོང་གསུམ་གྱི
144a4 སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱམས་པས་ཁྱབ་པ། ཚངས་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བདག་པོ་དབང་ཕྱུག་ཆེན་པོའི་མཆོག་ཏུ་འགྱུར་རོ།། འཇམ་དཔལ་ཚངས་པ
144a5 དབང་ཕྱུག་ཆེན་པོ་མཆོག་ལ་ལྟོས། ནམ་བསྐལ་པ་འཇིག་པ་ན། བསྐལ་པའི་ཆུ་འབྱུང་བ་དེའི་ཚེ། ཕྱིས་པར་གྱི་བསྐལ་པ་གཅིག་ཏུ་ཆར་འབབ་ཅིང་། ཆུའི་ཐིག་པ་འབྱུང་བ་དེས། སྟོང་གསུམ་གྱི་སྟོང
144a6 ཆེན་པོའི་འཇིག་རྟེན་གྱི་ཁམས་ཆུས་གང་བར་བྱེད་དེ། ཚངས་པའི་འཇིག་རྟེན་གྱི་བར་དུ་ཆུས་གང་བར་འགྱུར་བའི་ཆུའི་ཐིགས་པ་དེ་དག་ཐམས་ཅད་ཀྱང་ཚངས་པ་དབང་ཕྱུག་ཆེན་པོ་མཆོག་དེས་ཤེས་སོ།།
144a7 དེ་ལྟར་ཡེ་ཤེས་ཆེན་པོ་དང་ལྡན་ཞིང་རྫུ་འཕྲུལ་ཆེ་མཐུ་ཆེ་བ་ཡིན་ཏེ། དགེ་པའི་རྩ་བ་ཆུང་ངུས་ནི་དབང་ཕྱུག་ཆེན་པོར་མི་འགྱུར་རོ།། འཇམ་དཔལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན།
iiif viewer powered by OpenSeadragon
143b - 144b