| | e-texts navigator
|
153b1 དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱིས་སོ།། ཤིན་ཏུ་འདུས་པ་དེ་ལ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི། འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་གཟུགས
153b2 སུ་གྱུར་པ་སྣ་ཚོགས་ཀྱི་རྣམ་པ་ཐམས་ཅད་ལ་ཀུན་ན་ཡོད་ཀྱང་དེས་བརྗོད་པར་བྱ་བ་མ་ཡིན་ཞིང་སྣ་ཚོགས་མ་ཡིན་ཏེ་རོ་གཅིག་གོ། ། དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ
153b3 པར་དག་པ་ཡང་། ཤེས་བྱ་སྣ་ཚོགས་ཀྱི་རྣམ་པ་ཐམས་ཅད་ལ་ཀུན་ན་ཡོད་ཀྱང་དེས་བརྗོད་པར་བྱ་བ་མ་ཡིན་ཞིང་སྣ་ཚོགས་མ་ཡིན་ཏེ་རོ་གཅིག་གོ། ཤིན་ཏུ་འདུས་པ། འདི་ལྟ་སྟེ
153b4 དཔེར་ན་ནམ་མཁའ་ནི་གཟུགས་སུ་གྱུར་པ་ཐམས་ཅད་ལ་ཐ་མི་དད་པར་ཞུགས་ཀྱང་གཟུགས་ཀྱི་ཉེས་པ་རྣམས་ཀྱིས་ཀྱང་མ་གོས་སོ། ། དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས
153b5 རྣམ་པར་དག་པ་ཡང་། སེམས་ཅན་ཐམས་ཅད་དང་སེམས་མཉམ་པ་ཉིད་ཀྱི་ཡོངས་སུ་གྲུབ་པས་ཐ་མི་དད་པར་ཞུགས་ཀྱང་སེམས་ཅན་གྱི་ཉེས་པ་རྣམས་ཀྱིས་ཀྱང་མི་གོས་སོ།། འདི་ལྟ་སྟེ།
153b6 དཔེར་ན་ནམ་མཁའི་ནི་ལུས་དང་། ངག་དང་། ཡིད་ཀྱི་ལས་སུ་གྱུར་པ་ཐམས་ཅད་ཀྱི་གོ་འབྱེད་ཀྱང་ནམ་མཁའ་ནི་རྩོལ་བ་ཡང་མེད། མངོན་པར་འདུ་བྱེད་པ་ཡང་མེད་དོ།། དེ་བཞིན་དུ་དེ་བཞིན
153b7 གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡང་ཡེ་ཤེས་དང་སྤྲུལ་པ་དང་སེམས་ཅན་གྱི་བྱ་བ་སྒྲུབ་པ་ཐམས་ཅད་ཀྱིས་གོ་འབྱེད་ཀྱང་། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་རྩོལ
iiif viewer powered by OpenSeadragon
153a - 154a