e-texts navigator
Collection
Volume
Page
Wylie

152b1 མཉམ་པ་ཉིད་ཚར་ཕྱིན་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞུགས་པའི་སྐུ་དང་ལྡན་པ། ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པའི་མཁྱེན་པ་མངའ་བ། སྤྱོད་པ་ཐམས་ཅད་དང་ལྡན་པའི་བློ་མངའ་བ
152b2 ཆོས་མཁྱེན་པ་ལ་ནེམ་ནུར་མི་མངའ་བ། རྣམ་པར་མ་བརྟགས་པའི་སྐུ་མངའ་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡེ་ཤེས་ཡང་དག་པར་བསླངས་པ། སངས་རྒྱས་ཀྱི་གནས་པ་གཉིས་སུ
152b3 མེད་པ། དམ་པའི་ཕ་རོལ་ཏུ་ཕྱིན་པ། དེ་བཞིན་གཤེགས་པའི་མ་འདྲེས་པའི་རྣམ་པར་ཐར་པར་མཛད་པའི་ཡེ་ཤེས་ཀྱི་མཐར་ཕྱིན་པ།། མཐའ་དང་དབུས་མེད་པའི་སངས་རྒྱས་ཀྱི་ས་མཉམ་པ་ཉིད་དུ་ཐུག
152b4 སུ་ཆུད་པ། ཆོས་ཀྱི་དབྱིངས་དམ་པ་ཅན། ནམ་མཁའི་ཁམས་ཀྱིས་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ་དེ། ཉན་ཐོས་ཚད་པའི་དགེ་འདུན་ཐམས་ཅད་ཀྱང་ཅང་ཤེས་པ།། སངས
152b5 རྒྱས་ཀྱི་སྲས། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ། ཆོས་འདོད་པ་རྣམས་བདེ་བར་ཕྲད་པ། ཐོས་པ་མང་བ། ཐོས་པ་ཀུན་ཏུ་འཛིན
152b6 པ། ཐོས་པ་བསགས་པ། ལེགས་པར་བསམ་པ་སེམས་པ། ལེགས་པར་སྨྲ་བ་བརྗོད་པ། ལེགས་པར་བྱ་བའི་ལས་བྱེད་པ།། ཤེས་རབ་མྱུར་བ། ཤེས་རབ་མགྱོག་པ། ཤེས་རབ་རྣོ་བ། ངེས་པར་བྱུང་བའི་ཤེས་རག་ངས
152b7 པར་རྟོགས་པའི་ཤེས་རབ་ཅན། ཤེས་རབ་ཆེ་བ། ཤེས་རབ་ཡངས་པ། ཤེས་རབ་ཟབ་པ། ཤེས་རབ་མཉམ་པ་མེད་པ། ཤེས་རབ་རིན་པོ་ཆེ་དང་ལྡན་པ། རིག་པ་གསུམ་དང་ལྡན་པ།




iiif viewer powered by OpenSeadragon

152a - 153a

Texts on this page

S39 - 'phags pa sangs rgyas kyi sa zhes bya ba theg pa chen po'i mdo