e-texts navigator
Collection
Volume
Page
Wylie

151b1 མ་ལོན་པས་ཞག་བདུན་པ་གཉིས་པའི་ཚེ། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་ནང་ན། ལྷའི་རྒྱལ་པོ་དབང་སྒྱུར་གྱི་གཞལ་མེད་ཁང་ན་ནོར་བུ་རིན་པོ་ཆེའི་སྙིང་པོའི་ཁང་པ་ན་བཞུགས་པ་ཡང་ཐུགས་མི
151b2 རངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོས་བཤད་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ས་བཅུ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།
151b3 རྒྱ་གར་སྐད་དུ། ཨཱརྱ་བུད་དྷ་བྷཱུ་མི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སངས་རྒྱས་ཀྱི་ས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
151b4 སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གཞལ་མེད་ཁང་ཆེན་པོ་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར
151b5 པབ་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་གཟེར་ཆེན་པོ་རབ་ཏུ་འབྱུང་བ། གནས་ཐ་དད་པ་ཤིན་ཏུ་རྣམ་པར་ཕྱེ་བ་ཚད་མེད་པ་རྣམ་པར་གནས་པ། རྒྱ་ཡོངས
151b6 སུ་མ་ཆད་པ། ཁམས་གསུམ་པ་ཐམས་ཅད་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ། འཇིག་རྟེན་ལས་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ། ཤིན་ཏུ་རྣམ་པར་དག་ཅིང་དབང
151b7 སྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད། དེ་བཞིན་གཤེགས་པའི་གནས།། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་དགེ་འདུན་རྗེས་སུ་སོང་བ། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་།




iiif viewer powered by OpenSeadragon

151a - 152a

Texts on this page

S39 - 'phags pa sangs rgyas kyi sa zhes bya ba theg pa chen po'i mdo
S38 - 'phags pa sa bcu pa zhes bya ba theg pa chen po'i mdo