e-texts navigator
Collection
Volume
Page
Wylie

428b1 གང་ཞིག་གིས། ། ཆོས་སྟོན་པ་དང་བདག་ཏུ་བྲལ།། ལྷ་རྣམས་བདུད་རྩི་མི་ཟ་ཞིང་།། དབྱངས་ཀྱི་སྒྲ་ཡང་མི་འབྱིན་ལ།། སུམ་ཅུ་རྣམས་སུ་ཟླ་དྲུག་ཏུ།། རྩེད་མོ་དགའ་བ་མེད་པར་འགྱུར།། ལྷ་རྣམས།
428b2 སྐྱབས་ནི་མེད་དོ་ཞེས།། ལྷ་མིན་བློ་ནཱ་སུན་འཇིགས་པས།། སུམ་ཅུ་རྩ་གསུམ་འདི་དག་དང་།། གཡུལ་ནི་ལྷན་ཅིག་འགྱེད་པར་འགྱུར།། འཛམ་བུའི་གླིང་གི་རྒྱལ་པོ་དག། ཀུན་ཏུ་མཆོད་རྟེན་འཇིག་པ་ན།།
428b3 དེ་ཚེ་ལྷ་དང་ལྷ་མ་ཡིན།། གཡུལ་འགྱེད་པ་དག་འབྱུང་བར་འགྱུར།། དེ་ན་དགེ་སློང་ཕྲལ་ཆེར་ཡང་།། དེ་ཡི་རྒྱུས་ན་ངན་འགྲོར་འདོང་།། དགེ་སློང་མ་ཡང་ཕལ་ཆེར་ནི།། དེ་ཡི་ཚེ་ན་ངན་འགྲོར་འདོག།
428b4 ཁྱིམ་པ་ངང་ཚུལ་ངན་པ་དང་།། བུད་མེད་སྡིག་ཅན་གང་ཡིན་དང་།། ལེགས་སོ་སྒྲ་འབྱིན་དེ་དག་ཀྱང་།། འདིར་ནི་ངན་འགྲོར་འདོང་བར་འགྱུར།། འཇིག་རྟེན་གཡོ་དང་མི་གཡོ་དང་།། གྲོང་རྡལ
428b5 གཞན་དུ་རྒྱུག་པ་དང་། ། དེ་བཞིན་རི་དྲུང་རྒྱུག་པ་དང་།། དེ་ཡི་ཚེ་ན་འབྱུང་བར་འགྱུར།། རྣམ་པར་རྒྱུག་པའི་སེམས་ཅན་རྣམས།། ཚེ་ཡང་ཟུང་བར་འགྱུར་བ་ཡིན།། དེ་ཚེ་ཆོམ་རྐུན་ཤིན་ཏུ་མང་།།
428b6 དགོན་པ་དག་ཀྱང་འཇིགས་པ་ཆེ།། ལོ་ཏོག་སྐྲུན་པར་བྱེད་པ་དང་།། ཟླ་བ་ལ་སོགས་གནོད་པ་འབྱུང་།། མུ་གའི་བསྐལ་པ་བྱུང་བ་དེར།། གང་ཞིག་འཆི་བའི་དུས་བྱས་ནས།། སྡུག་བསྔལ་ཆེན་པོ
428b7 འབྱུང་བ་ཡི། ། ཕྱིར་ཡང་འགྲོ་བ་ཐོབ་པར་འགྱུར།། མཆོད་རྟེན་ཕྱོགས་བཞིའི་དགེ་འདུན་ལ།། བསྔོས་པར་གྱུར་པ་གང་ཡིན་པ།། དེ་ཚེ་དེ་ལ་དགེ་སློང་དག། ཕན་ཚུན་ནས་ནི་སྤྱོད་པར་བྱེད།།




iiif viewer powered by OpenSeadragon

428a - 429a

Texts on this page

S36 - sangs rgyas kyi sde snod tshul khrims 'chal ba tshar gcod pa zhes bya ba theg pa chen po'i mdo