| | e-texts navigator
|
87a1 པའི་ཕྱིར་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང
87a2 གཟུགས་མེད་པའི་ཁམས་ཀྱི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ། ། དེ་ཅིའི་ཕྱིར་ཞེ་ན། དེས་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི
87a3 ཁམས་ཀྱི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི། ཚུལ
87a4 ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་ཀྱི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། དེས་ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་ཀྱི
87a5 དམིགས་པ་རང་བཞིན་གྱིས་རྣམ་པར་དག་པ་ཡོངས་སུ་ཤེས་པའི་ཕྱིར་རོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི། བཟོད་པ་དང་།
87a6 གནོད་སེམས་དང་། བརྩོན་འགྲུས་དང་། ལེ་ལོ་དང་། བསམ་གཏན་དང་། རྣམ་པར་གཡེང་བ་དང་། ཤེས་རབ་དང་། འཆལ་པའི་ཤེས་རབ་ཀྱི་དམིགས་པ
87a7 རྣམ་པར་དག་པ་ལ་མི་སྤྱོད་དོ། ། དེ་ཅིའི་ཕྱིར་ཞེ་ན། དེས་བཟོད་པ་དང་། གནོད་སེམས་དང་། བརྩོན་འགྲུས་དང་། ལེ་ལོ་དང་། བསམ་གཏན་དང་། རྣམ
iiif viewer powered by OpenSeadragon
86b - 87b