| | e-texts navigator
|
86a1 ཀྱི་བར་གྱི་དམྱིགས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ། ། སྤྱོད་པ་དེ་ལྟ་བུ་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
86a2 བ་ལ་སྤྱོད་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི། མིང་དང་གཟུགས་ཀྱི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ།།
86a3 ཅིའི་ཕྱིར་ཞེ་ན། དེས་མིང་དང་གཟུགས་ཀྱི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ།། སྤྱོད་པ་དེ་ལྟ་བུ་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའི་ཤེས
86a4 རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི། བདག་དང་སེམས་ཅན་གྱི་དམིགས་པ་རྣམ་པར་དག་པ
86a5 ལ་མི་སྤྱོད་དོ། ། དེ་ཅིའི་ཕྱིར་ཞེ་ན། དེས་བདག་དང་སེམས་ཅན་གྱི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ།། སྤྱོད་པ་དེ་ལྟ་བུ་གང་ཡིན་པ་དེ
86a6 བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་སྲོག་དང་། འབྱུང་བ་དང་།།
86a7 གང་ཟག་དང་། བྱེད་པ་པོ་དང་། བྱེད་དུ་འཇུག་པ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་དང་། ལྟ་བའི་དམིགས་པ་རྣམ་པར
iiif viewer powered by OpenSeadragon
85b - 86b