| | e-texts navigator
|
84b1 པ་རྣམ་པར་བཤིག་པའི་ཕྱིར་རོ། ། གང་རྣམ་པར་འཇིག་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས
84b2 རྣམ་པར་གནོན་པ། བྱང་ཆུབ་སེམས་དཔའ་དག་ཉན་ཐོས་དང་རང་སངས་རྒྱས་ཀྱི་སའི་དམིགས་པ་ལ་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར
84b3 ཞེ་ན། དེ་དག་གིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སའི་དམིགས་པ་རྣམ་པར་བཤིག་པའི་ཕྱིར་རོ།། གང་རྣམ་པར་འཇིག་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད
84b4 པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་སེམས་དཔའ་དག་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་ཀྱི་དམིགས་པ་ལ་སྤྱོད་ན།
84b5 ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པོ་ལ་སྤྱོད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་ཀྱི་དམིགས་པ་རྣམ་པར་བཤིག་པའི་ཕྱིར་རོ།། གོང
84b6 རྣམ་པར་འཇིག་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་སེམས
84b7 དཔའ་དག་མྱ་ངན་ལས་འདས་པའི་དམིགས་པ་ལ་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་མྱ་ངན་ལས་འདས་པའི
iiif viewer powered by OpenSeadragon
84a - 85a