e-texts navigator
Collection
Volume
Page
Wylie

119b1 ནིཆོས་རྣམས་ཀྱི་བྱེད་པ་པོ་དང་། བྱེད་དུ་འཇུག་པ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་པོ་དང་། ཤེས་པ་པོ
119b2 དང་། ཤེས་པར་བྱེད་པ་པོ་དང་། འདུ་བ་དང་འབྲལ་བ་རྙེད་པར་འགྱུར་ཏེ། དེ་བཞིན་གཤེགས་པས་ཀྱང་ཆོས་རྣམས་ཀྱི་བྱེད་པ་པོ་དང་། བྱེད་དུ་འཇུག་པ་དང་། སློང་བ
119b3 པོ་དང་། ཀུན་ནས་སློང་བ་པོ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་པོ་དང་། ཤེས་པ་པོ་དང་། ཤེས་པར་བྱེད་པ་པོ་དང་། འདུ་བར་བྱེད་པ་པོ་དང་། འབྲལ
119b4 བར་བྱེད་པ་པོ་དེ་ནི་འདིའོ་ཞེས་བཅས་པར་འགྱུར་བ་ཞིག་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་གི་ཕྱིར་ཆོས་ཐམས་ཅད་ཀྱི་འདུ་བ་དང་འབྲལ་བ་ཉེ་བར་གནས་པ་གང
119b5 ཡང་མེད་པ་དེའི་ཕྱིར། ཆོས་རྣམས་ཀྱི་བྱེད་པ་པོ་དང་། བྱེད་དུ་འཇུག་པ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་པོ་དང་།
119b6 ཤེས་པ་པོ་དང་། ཤེས་པར་བྱེད་པ་པོ་དང་། འདུ་བར་བྱེད་པ་པོ་དང་། འབྲལ་བར་བྱེད་པ་པོ་གང་ཡང་མི་དམིགས་ཏེ། མི་དམིགས་པས་དེ་བཞིན་གཤེགས་པས་ཀྱང
119b7 མ་བཅས་སོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཆོས་ཐམས་ཅད་ནི་ཕྱིན་ཅི་ལོག་ལས་བྱུང་སྟེ། ཕྱིན་ཅི་ལོག་དེ་ལའང་འདུ་བ་དང་འབྲལ་བ་གང་ཡང་མེད་།། དེ་ཅིའི




iiif viewer powered by OpenSeadragon

119a - 120a

Texts on this page

S16 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa