e-texts navigator
Collection
Volume
Page
Wylie

6a1 ཀྱི་རྣམ་པར་ཤེས་པ་རྣམ་པར་དཤུ་པའི་ཕྱིར་རྣམ་པར་དག་པ་ཟབ་བོ། ། མིག་གི་འདུས་ཏེ་རེག་པ་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་ཟབ་བོ།། རྣ་བའི
6a2 འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་དུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ
6a3 ཟབ་བོ། ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་ཟབ་བོ།། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི
6a4 རྐྱེན་གྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རྣམ་པར་དག་པའི
6a5 ཕྱིར་རྣམ་པར་དག་པ་ཟབ་བོ། ། སའི་ཁམས་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་ཟབ་བོ།། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས
6a6 དང་། རྣམ་པར་ཤེས་པའི་ཁམས་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་ཟབ་བོ།། མ་རིག་པ་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་ཟབ་བོ།། འདུ་བྱེད་དང་། རྣམ་པར་ཤེས
6a7 པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་།། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་རྣམ་པར་དག་པའི་ཕྱིར་རྣམ




iiif viewer powered by OpenSeadragon

5b - 6b

Texts on this page

S12 - shes rab kyi pha rol tu phyin pa stong phrag nyi shu lnga pa