e-texts navigator
Collection
Volume
Page
Wylie

5a1 འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རྣམ་པར་དག་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན
5a2 ཐ་མི་དད་དོ། ། རབ་འབྱོར་གཞན་ཡང་འདུས་བྱས་རྣམ་པར་དག་པས། འདུས་མི་བྱས་རྣམ་པར་དག་པ་སྟེ། དེ་ལྟར་ན་འདུས་བྱས་རྣམ་པར་དག་པ་དང་། འདུས་མ་བྱས་རྣམ་པར
5a3 དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དང་ངོ་། ། རབ་འབྱོར་གཞན་ཡང་འདས་པ་རྣམ་པར་དག་པས། མ་འོངས་པ་དང་། ད་ལྟར་བྱུང་བ་རྣམ
5a4 པར་དག་པ་སྟེ། དེ་ལྟར་ན་འདས་པ་རྣམ་པར་དག་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ
5a5 ཡིན་ཐ་མི་དད་ངོ་། ། མ་འོངས་པ་རྣམ་པར་དག་པས། འདས་པ་དང་། ད་ལྟར་བྱུང་བ་རྣམ་པར་དག་པ་སྟེ། དེ་ལྟར་ན་མ་འོངས་པ་རྣམ་པར་དག་པ་དང་། འདས་པ་དང་།
5a6 ད་ལྟར་བྱུང་བ་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ།། ད་ལྟར་བྱུང་བ་རྣམ་པར་དག་པས། འདས་པ་དང་། མ་འོངས་པ་རྣམ་པར་དག
5a7 དེ་ལྟར་ན་ད་ལྟར་བྱུང་བ་རྣམ་པར་དག་པ་དང་། འདས་པ་དང་། མ་འོངས་པ་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ།།




iiif viewer powered by OpenSeadragon

4b - 5b

Texts on this page

S12 - shes rab kyi pha rol tu phyin pa stong phrag nyi shu lnga pa