| | e-texts navigator
|
354b1 ། ལ་འདི་སྐད་ཅེས་སྦས་སོ།། ཀོ་རུ་ཤི་ཀ་འཛམ་དུ་གླིང་གི་སེམས་ཅན་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ། བསམ་གཏན་བཞི་དང་ལྡན་པ། ཚད་མེད་པ་བཞི་དང་ལྡན་པ། གཟུགས་མེད་པའི
354b2 སྙོམས་པར་འཇུག་པ་བཞི་དང་ལྡན་པ། མངོན་པར་ཤེས་པ་ལྔ་དང་ལྡན་པ་དེ་དག་ཐམས་ཅད་ནི། རིགས་ཀྱི་གྲཝ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མི་གཡ
354b3 འི་སེམས་ཀྱིས་འཛིན་པ་དང་། འཆང་བ་དང་། ཐོག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིན་ལ་བྱེད་པ་དང་། དེ་བཞིན་ཉིད་དུནན་ཏན་བྱེད་ཅིང་། བླ་ན་མེད་པ་ཡང་དག་པར
354b4 རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ། སེམས་དང་སེམས་ལས་བྱུང་བའི་ཆོས་གཞན་གྱི་གོ་མི་འབྱེད་པ་དེ་དག་གིས་ཟིལ་གྱིས་ནོན་ཏོ།། དེ་སྐད
354b5 ཅེསྭ་སྨྲས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས། དགེ་སློང་དེ་ལ་འདི་སྐད་ཅེས་སྨྲས་པ།། དགེ་སློང་འཛམ་བུ་གླིང་གི་སེམས་ཅན་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ། བསམ་གཏན
354b6 བཞི་དང་ལྡན་པ། ཚད་མེད་པ་བཞི་དང་ལྡན་པ། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་ལྡན་པ། མངོན་པར་ཤེས་པ་ལྔ་དང་ལྡན་པ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ
354b7 སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་དང་པོ་བསྐྱེད་པས་ཀྱང་ཟིལ་གྱིས་གནོན་ན། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན
iiif viewer powered by OpenSeadragon
354a - 355a