e-texts navigator
Collection
Volume
Page
Wylie

353b1 ། བདག་ནི་མངོན་པར་རྫོགས་པར་འཚང་རྒྱའོ།། འདི་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ།། འདི་ནི་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བར་མི་སེམས་སོ།། དེ་ཅིའི་ཕྱིར་ཟེན། རབ་ར
353b2 དེ་ནི་འདི་སྐར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་རྣམ་པར་རྟོག་པ་དེ་ཐམས་ཅད་མེད་པའི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི
353b3 རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པའོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་ལེའུ་བཞི་བཅུ་ལྔ་པའོ།། །། དེ་ནས་བརྒྱ་བྱིན་ལྷའི་དབང་པོས། བཅོམ
353b4 ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའི་སླང་དུ་ཟབ་པའོ།། ཋལྟ་དཀའ་བའོ།། རྟོགས་པར་དཀའ་བའོ།། བརྟག་ཏུ་མ་མཆིས
353b5 པའོ། ། བརྟག་པའི་སྤྱོད་ཡུལ་མ་ལགས་པའོ།། ཞི་བ་ཕྲ་བ་ཞི་བ་པའོ།། མཁས་ཤིང་རིག་པས་རྟོགས་པར་བགྱིའོ།། བཅོམ་ལྡན་འདས་སེམས་ཅན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
353b6 ཟབ་མོ་འདི་ཉན་ཅིང་འཛིན་པ་དང་། འཆང་ཞིང་ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། དེ་བཞིན་ཉིད་དུ་ནན་ཏན་དུ་བགྱིད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན
353b7 པར་རྫོགས་པར་སངས་རྒྱས་ཀྱི་བར་དུ། ། སེམས་དང་སེམས་ལས་བྱུང་བའི་ཆོས་གཞན་གྱི་གོ་མི་འབྱེད་པ་དེ་དག་ནི་དགེ་བའི་རྩ་བ་ཐ་མ་དང་ལྡན་པ་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས




iiif viewer powered by OpenSeadragon

353a - 354a

Texts on this page

S12 - shes rab kyi pha rol tu phyin pa stong phrag nyi shu lnga pa