e-texts navigator
Collection
Volume
Page
Wylie

353a1 ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ།། གསོལ་པ། བཅོམ
353a2 ལྡན་འདས་གལ་ཏེ་སྐྱེས་པ་ཡང་མ་ལགས། མ་སྐྱེས་པ་ཡང་མ་ལགས་པ་ལས་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མི་བསྟན
353a3 ན། བྱང་ཆུབ་སེམས་དཔའ་ཆེན་པོ་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས།།
353a4 གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བའི་ཆོས་དེ་ལྟ་བུ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ།
353a5 བཅོམ་ལྡན་པ་རས་ཆོས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བའི་ཆོས་དེ་དག་ནི་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ངོ་།། བཅོམ་ལྡན་འདས་ཆོས་གང
353a6 མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་གིས་མངོན་པར་རྫོགས་པརྱ་རྒྱབ་དང་། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བ་དེ་ལྟ་བུའི་ཆོས་ཀྱང་བདག་གིས་ཡང་དག་པར་རྗེས་སུ་མ
353a7 མཐོང་ངོ་། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། ཆོས་ཐམས་ཅད་མི་དམིགས་པའི་བྱང་ཆུབ་སེམས་དཔའ་སེམ་འ་ཆེན་པོ་དེ་འདི་སྙམ་དུ།




iiif viewer powered by OpenSeadragon

352b - 353b

Texts on this page

S12 - shes rab kyi pha rol tu phyin pa stong phrag nyi shu lnga pa