| | e-texts navigator
|
265a1 ཏན་འདིས་འང་ཉིད་དུ་རྩོད་ཀྱིས་སུག་བསྔལ་གྱི་མ་པར་བྱུང་ཞིག་དང་། བྱིན་རྒྱན་འཁོར་བ་ན་སྤྱོད་པའི་སྡུག་བསྔལ་དེ་དག་སྤོང་བར་མི་འགྱུར་རོ།། རྩེ་སྤྱོད་ཅེས
265a2 ལུས་འདི་ཉིད་དུ་མངོན་པར་མ་གྲུབ་ན། ལུས་གཞན་ཡང་ཇི་ལྟར་ཡོངས་སུ་གཟུང་བར་སེམས་ཤེས་ཟེར་ཡང་། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི
265a3 སེམས་མི་འཁྲུག་མི་གཡོ་ཞིང་། ། གོང་དུ་ཡང་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་ལ་ལམ་གྱི་གཟུགས་བརྙན་སྟོན་པ་ནི། དགེ་སློང་འདི་བདག་ལ་ཕན་མི་འདོགས་པ་སྟེ། ལམ་བྱི་གཟུགས
265a4 བརྙན་དེས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བར་ཡང་མི་འགྱུར། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་མངོན་དུ་བྱ་བར
265a5 ཡང་མི་འགྱུར། རང་བྱང་ཆུབ་མངོན་དུ་བྱ་བར་ཡང་མི་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་དུ་བྱ་བར་ཡང་མི་འགྱུར་རོ་སྙམ་སྟེ། དེ་ལས་ཀྱང་གོང་དུ་གང་བདག
265a6 ལ་དེ་ལྟར་ཆགས་པ་སྟོན་པའི་དགེ་སློང་འདི་ནི་བདག་ལ་ཕན་འདོགས་པ་ཡིན་གྱིངས། བདག་གིས་ཆགས་པ་དེ་དག་ཤེས་པར་བྱ་སྟེ།། ཐེག་པ་གསུམ་པོ་ཀུན་ལ་བསླབ་པར་བྱའོ་ཞེས་དགའ
265a7 པབ་བསྐྱེད་ལ། བདུད་སྡིག་ཏོ་ཅན་དེ་དག་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དགའ་བར་གྱུར་པར་ཤེས་ནས། དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་བྱང་ཆུབ་སེམས་དཔའ་སེམས
iiif viewer powered by OpenSeadragon
264b - 265b