e-texts navigator
Collection
Volume
Page
Wylie

264b1 རྗེས་སུ་མི་མཐོང་ངོ་། ། བྱང་ཆུབ་ཀྱི་བར་རམ། བྱང་ཆུབ་ཀྱི་དེ་བཞིན་ཚད་ཡང་དག་པར་རྗེས་སུ་མཾ་མཐོང་སྟེ། རབ་འབྱོར་རྣམ་པ་དེ་དཤཱ་དང་། ཚུལ་དེ་དག་དྲུང་། མཚན་མད
264b2 དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། ། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་བམ
264b3 པོ་ང་གཅིག་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཏོ་ཅན།། དགེ་སློང་གི་ཆ་བྱད་དུ་འོངས་ནས་འདི་སྐད་དུ་འདི་ན
264b4 འཁོར་བར་སྤྱོད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་མ་ཡིན་གྱི། འདི་ཉིད་དུ་ཁྱོད་ཀྱིས་སྡུག་བསྔལ་གྱི་མཐར་ཕྱིན་པར་གྱིས་ཤིག་ཅེས་ཟེར་ཞིང་། བདུད་སྡིག་ཏོ་ཅན་དེ་བྱང་ཆུབ་སེམ
264b5 དཔའ་སེམས་དཔའ་ཆེན་པོ་ལ་ལམ་གྱི་གཟུགས་བརྙན་གང་འཁོར་བར་སྤྱོད་པའི་འཇིག་རྟེན་པའི་རྣམ་པས་ལམ་གྱི་གཟུགས་བརྙན་སྟོན་ཏེ། ཡང་ན་རུས་པར་འདུ་ཤེས་པར་སྟོན
264b6 ཡང་ན་བསམ་གཏན་དང་པོ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་སྟོན་ཅིང་། ཚེ་དང་ལྡན་པ་ལམ་དང་ནན་ཏན་གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པ
264b7 དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་བྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་བའི་ལམ་དང་ནན་ཏན་ནི་འདི་ཡིན་ནོ།། ཚེ་དང་ལྡན་པ་ལམ་དང་ནན




iiif viewer powered by OpenSeadragon

264a - 265a

Texts on this page

S12 - shes rab kyi pha rol tu phyin pa stong phrag nyi shu lnga pa