e-texts navigator
Collection
Volume
Page
Wylie

264a1 འགྲོ་བའི་རློག་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། གཟུགས་སམ། ཚོར་བ་འམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པ་འམ
264a2 གཟུགས་ཀྱི་དེ་བཞིན་ཉིད་དམ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་དམ། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར
264a3 འབྱུང་བ་འམ། རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་བཞིན་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། ཕ་རོལ་ཏུ་ཕྱིན་པ་རྣམས་སམ། སྟོང་པ་ཉིད་ཐམས་ཅད་དམ། བྱང་ཆུབ
264a4 ཀྱི་ཕྱོགས་ཀྱི་ཆོས་རྣམས་སམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་དེ་བཞིན་ཅིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང
264a5 གཟུགས་མེད་པའི་སྙོམས་པར་འཇུག་པ་འམ། རྣམ་པར་ཐར་པ་འམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པའམ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་།
264a6 སྨོན་པ་མེད་པ་འམ། མངོན་པར་ཤེས་པ་འམ། ཏིང་ངེ་འཛིན་ཏམ། གཟུངས་ཀྱི་སྒོ་འམ།། དེ་བཞིན་གཤེགས་པའི་སྟོབས་སུམ། མི་འཇིགས་པ་འམ། སོ་སོ་ཡང་དག་པར
264a7 རིག་པ་འམ། བྱམས་པ་ཆེན་པོ་འམ། སྙིང་རྗེ་ཆེན་པོ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག




iiif viewer powered by OpenSeadragon

263b - 264b

Texts on this page

S12 - shes rab kyi pha rol tu phyin pa stong phrag nyi shu lnga pa