| | e-texts navigator
|
263b1 འགྲོ་ཞུང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་སྦྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་བ་རོལ་ཏུ་ཕྱིན་པ་དང་། བསམ་གཏན
263b2 ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཞན་གྱི་དྲང་མོ་འཇོག། བླ་ན་མེད་པ་ཡང་དག་པར་རྫོགྲོ་ངའི་བྱང་ཆུབ་ཀྱི་བར་ལ་གཞན་གྱི་དྲིང་མི་འཇོག་ཅིང་། འདི་ལྟར
263b3 དཔེར་ན་དགྲ་བཅོམ་པ། ཟག་པ་ཟད་པ། གཞན་ལ་ཡིད་ཆེས་པས་མི་འགྲོ་ཞིང་ཆོས་ཉིད་མངོན་དུ་གྱུར་པས། བདུད་སྡིག་ཏོ་ཅན་གྱིས་མི་འཕྲོག་པ་དེ་བཞིན་དུ།། ཕྱིར་མི་ལྡོག་པའི
263b4 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་ཀྱི་ཐེག་པ་པ་རྣམས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་མི་ཐུབ་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས
263b5 ཕྱིར་མི་ལྡོག་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ངེས་པ་ཡིན་ཏེ། ཕྱིར་མི་ལྡོག་པའི་ཁམས་སུ་གནས་ཤིང་།། དེ་གཞན་གྱི་དྲང་མི་འཇོག་པ་ཡིན
263b6 དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡིད་ཆེས་པས་ཀྱང་མི་འགྲོ་ན། ཉནི་ཐོས་ཀྱི་ཐེག་པ་པ་འམ། རང་སངས་རྒྱས་ཀྱི་ཐེབ་པ་འམ། འདུད་སྡི
263b7 ཅན་ནམ། མུ་སྟེགས་ཅན་ནམ། ཀུན་ཏུ་རྒྱུ་བ་གཞན་དག་ལ་ཡིད་ཆེས་པས་འགྲོ་བར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་གང་ལ་ཡིད་ཆེས་པར
iiif viewer powered by OpenSeadragon
263a - 264a