e-texts navigator
Collection
Volume
Page
Wylie

166a1 ཡང་འགྱུར་ཏེ། གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡོངས་སུ་མ་དྲིས། ཡོངས་སུ་མ་བརྟགས། རྗེས་སུ་འབྲང་བ་མ་བྱས་པ་དེ་ནི་ཤེས་རབ་ཏུ
166a2 ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མཉན་པ་ལ། དེ་ཙམ་གྱི་དགེ་བའི་བསམ་པ་དང་མོས་པ་སྐྱེ་བར་གྱུར་ཏེ། དེ་ནི་བར་བར་མོས་ཤིང་བར་བར་མོས་པ་མེད་པར་གྱུར་ཏེ། དེ་ནི་ལྡམ་སྡེམ་གྱི
166a3 བློ་དེས་ཐོགས་ཤིང་། ཤིང་བལ་གྱི་འདབ་མ་ལེགས་པ་བཞིན་དུ་འགྱུར་རོ།། རབ་འབྱོར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པདེ་ནི་ཡུན་རིང་པོ་ནས་ཐེག་པ་ལ་ཞུགས་པ་མཚན
166a4 པར་རིག་པར་བྱ་སྟེ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་བཟུང་བའོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བསྙེན་བཀུར་མ་བྱས་པའོ།། རབ་འབྱོར་གང
166a5 ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིའི་ལུང་མ་མནོས། ཁ་ཏོན་དུ་མ་བྱས་ལ། ཚུལ་བཞིན་དུ་ཡིད་ལ་མ་བྱས་ཏེ། དེས་ནི་ཤེས་རབ་ཀྱི
166a6 རོལ་ཏུ་ཕྱིན་པ་ལ་མ་བསླབས་སོ། ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ
166a7 བྱིན་པོ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མ་བསླབས་སོ།། ནང་སྟོང་པ་ཉིད་ལམ་བསླབས་སོ།། དངོས་པ་མེད་པ་ནི་རྗེ་མ་ཉིད་སྟོང་མོ་ཉིད་ཀྱི་བར་ལམ་བསླབས་སོ།། ཛན




iiif viewer powered by OpenSeadragon

165b - 166b

Texts on this page

S12 - shes rab kyi pha rol tu phyin pa stong phrag nyi shu lnga pa