e-texts navigator
Collection
Volume
Page
Wylie

141b1 བཞིན་གཤེགས་པའི་དེ་བཞིན་ཉིད་དོ། ། དེ་བཞིན་གཤེགས་པའི་དེ་བཞིན་ཅིད་གང་ཡིན་པ་དེ་ནི་དེ་བཞིན་ཅིང་གཅིག་པ་ཉིད་དེ། ཐ་མི་དང་པའི་དེ་བཞིན་ཉིད་དོ།། ཐ་མི་དད་པའི་དེ་བཞིན
141b2 ཉིད་གང་ཡིན་པ་དེ་ནི་མི་ཟད་པ་སྟེ། མི་ཟད་པའི་ཕྱིར་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ།། རབ་འབྱོར་དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ། དེ་བཞིན་གཤེགས་པས་ཤེས་རབ
141b3 ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ་མངོན་པར་རྫོགས་པར་སངས་རྒྱས་སོ། ། རབ་འབྱོར་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་དེ་བཞིན་གཤེགས་པ་སྐྱེད་པའོ།། འཇིག
141b4 རྟེན་འདི་སྟོན་པའོ། ། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐུགས་སུ་ཆུད་དོ།། མ་ནོར
141b5 པ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ཐུགས་སུ་ཆུད་དོ།། དེ་བཞིན་ཉིད་དེས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་བྱའོ།། །
141b6 རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ལགས་པ་དེ་བཞིན་ཉིད་ནི་ཟབ་པ་སྟེ
141b7 བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ལགས་པ་དེ་བཞིན་ཉིད་དེས་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ




iiif viewer powered by OpenSeadragon

141a - 142a

Texts on this page

S12 - shes rab kyi pha rol tu phyin pa stong phrag nyi shu lnga pa