e-texts navigator
Collection
Volume
Page
Wylie

100a1 མཁྱེན་ཏོ། ། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཡོངས་སུ་མཁྱེན་ཏོ།། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས
100a2 ཀྱི་སངས་རྒྱས་ཀྱི་ཞིང་དང་། ཉན་ཐོས་རྣམས་ཀྱང་ཡོང་སུ་མཁྱེན་ཏོ།། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང
100a3 སྙེད་ཅིག་བཞུགས་ཞིང་འཚོ་སྐྱོང་བ་དང་། ། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཡོངས་མཁྱེན་ཏོ།། སངས
100a4 རྒྱས་ཀྱི་ཞིང་དང་། ཉན་ཐོས་རྣམས་ཀྱང་ཡོངས་སུ་མཁྱེན་ཏོ།། བཅོམ་ལྡན་འདས་གང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་གི་སླད་དུ་བརྩོན་འགྲུས་རྩོམ
100a5 པར་བགྱིད་ཅིང་། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཚོལ་བ་དང་། ཡོངས་སུ་ཚོལ་བའི་ཚེ། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཚོལ་བ་དང་། ཡོངས་སུ་ཚོལ་བ་ལས་ཀྱང
100a6 ལ་ལས་ནི་བཙལ་བ་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཐོབ་པར་འགྱུར། ལ་ལས་ནི་ཐོབ་པར་མི་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་དེ་ནི་དེ་ལྟ་མ་ཡིན་ཏེ།
100a7 རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་བརྩོན་འགྲུས་མི་གཏོང་བ་དེ་དག་ཀུན་གྱིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཐམས་ཅད་གྲུབ་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཤཱ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་རིམ




iiif viewer powered by OpenSeadragon

99b - 100b

Texts on this page

S12 - shes rab kyi pha rol tu phyin pa stong phrag nyi shu lnga pa