e-texts navigator
Collection
Volume
Page
Wylie

80b1 སྙས་སོ།། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་སྒྱུ་མ་མཁན་བཟང་པོའི་སེམས་ཀྱིས་རྣམ་པར་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས། སྒྱུ་མ་མཁན་བཟང་པོ་ལ་འདི་སྐད
80b2 ཅེས་སྨྲས་སོ། ། བཟང་པོ་ཇི་ལྟར་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་ཕྱིར་གནས་ཀྱི་བཀོད་པ་བྱས་པ་འདི་མེད་པར་བྱ་མ་ནུས་པ་དེ་བཞིན་དུ། བཟང་པོ་གང་དག་དེ་བཞིན་གཤེགས་པ་ལ་སེམས་བསྐྱེད
80b3 པ་འགའ་ཙམ་ཐོབ་པ་དེ་དག་གི་སེམས་བསྐྱེད་པ་དེའང་མེད་པར་མི་འགྱུར་ཏེ། དེ་དག་གི་དེ་ནི་ཡོངས་སུ་མྱ་ངན་ལས་འདས་པའི་བར་གྱི་རྒྱུར་འགྱུར་རོ།། དེ་ནས་སྒྱུ་མ་མཁན་བཟང
80b4 པོ་དགའ་མགུ་ཡི་རངས་ཏེ་རབ་ཏུ་དགའ་ཞིང་ཡིད་བདེ་བར་གྱུར་ནས། དེ་ཉིད་ཀྱི་མཚན་མོ་འདས་པ་དང་། བཅོམ་ལྡན་འདས་ལ་གདུགས་ཚོད་ལ་བབ་པ་སྐུལ་བར་བྱེད་དོ།། བཅོམ་ལྡན་འདས་གདུགས
80b5 ཆོད་ལགས་པའི་དུས་དང་ཚོད་ལ་བབ་ན། ད་གདུགས་ཚོད་ལ་བབ་པར་དགོངས་སུ་གསོལ་ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ། ཤམ་ཐབས་མནབས། ཆོས
80b6 གོས་གསོལ། ལྷུང་བཟེད་ཐོགས་ཏེ། དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་། དགེ་སློང་གི་དགེ་འདུན་གྱི་དཔལ་གཤེགས་ཏེ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་གཤེགས་ནས། སྒྱུ་མ
80b7 མཁན་བཟང་པོའི་འཁོར་གྱི་ཁྱམས་གལ་བ་དེར་གཤེགས་ཏེ། གང་གིས་ན་སྔ་མ་མཁན་བཟང་པོའང་དེ་བཞིན་གཤེགས་པ་ནི་བདག་གིས་སྤྲུལ་པའི་བཀོད་པན་བཞུགས་སོ་སྙམ་དུ་ཤེས། རྒྱལ་པོ་ཆེན




iiif viewer powered by OpenSeadragon

80a - 81a

Texts on this page

S11.21 - 'phags pa sgyu ma mkhan bzang po lung bstan pa zhes bya ba theg pa chen po'i mdo