| | e-texts navigator
|
80a1 པར་རྒྱལ་བྱེད་དང་། ཡོངས་འདུ་ས་བརྟོལ་བས་ཆེས་ཁྱད་པར་དུ་འཕགས་པའི་འཁོར་གྱི་ཁྱམས་གཅིག་མངོན་པར་སྤྲུལ་ཏེ། འཁོར་གྱི་ཁྱམས་དེས་སྒྱུ་མ་མཁན
80a2 བཟང་པོའི་བཀོད་པ་དང་། རྒྱལ་པོ་ཆེན་པོ་བཞིའི་བཀོད་པའང་མོག་མོག་པོར་བྱས་པར་གྱུར་ཏོ།། དེ་ནས་སྒྱུ་མ་མཁན་བཟང་པོ་འདི་སྙམ་དུ་སེམས་ཏེ། དྷའི་བུ་འདི་ལྟ་བུ་འདི་དག་ཀྱང་བཅོམ
80a3 ལྡན་འདས་ལ་རིམ་གྲོ་བྱ་བ་དང་། མཆོད་པའི་ལས་བྱ་བའི་ཕྱིར་མངོན་པར་བརྩོན་ཏེ་ལྷགས་པ་དང་སྦྱར་ན། སེམས་ཅན་འདི་ནི་ཐ་མལ་པ་མ་ཡིན་པས། བདག་གིས་སེམས་ཅན་མཆོག་དེ
80a4 ལྟ་བུ་ལ་མཐོ་བཙམས་པར་གྱུར་ན་མི་རུང་གིས། བྱ་བ་འདི་ལྟ་བུ་འདི་དག་དོར་གོར་མ་ཆག་སྙམ་མོ།། དེ་ནས་སྒྱུ་མ་མཁན་བཟང་པོ་སྤྲུལ་པའི་བྱ་བ་དེ་དག་འདོར་བར་བྱེད།
80a5 དག་མེད་པར་བྱེད་དོ།། གསང་སྔགས་དང་རིག་སྔགས་ཀྱི་སྟོབས་བསྐྱེད་པ་ཐམས་ཅད་ཀྱིས་མེད་པར་བྱེད་ཅིང་མི་སྣང་བར་བྱ་བར་བརྒལ་ཀྱང་ཞལ་ཟས་དང་། རིམ་གྲོ་པ་དང་། འཁོར་གྱི་ཁྱམས་ཀྱི
80a6 བཀོད་པ་དང་། སེང་གེའི་ཁྲིའང་དེ་ཁོ་ན་བཞིན་དུ་སྣང་སྟེ། གསང་སྔགས་དང་རིག་སྔགས་ཀྱི་སྟོབས་བསྐྱེད་པ་ཐམས་ཅད་ཀྱིས་མེད་པར་བྱ་མ་ནུས་པ་དང་། དེ་ཤིན་ཏུ་ངོ་མཚར་དུ་གྱུར་ནས། འདི་སྙམ
80a7 དུ་སེམས་ཏེ། བདག་སྔོན་ཆད་ནི་འདོད་ན་སྒྱུ་མ་སྟོན་པར་ཡང་བྱེད། འདོད་ན་སྒྱུ་མ་མེད་པར་ཡང་བྱེད་ན། ད་ནི་དེ་བཞིན་གཤེགས་པའི་ཆེད་དུ་གནས་ཀྱི་བཀོད་པ་བྱས་པ་མེད་པར་བྱེད་མ་ནུས་སོ།།
iiif viewer powered by OpenSeadragon
79b - 80b