| | e-texts navigator
|
76b1 ། ཤེས་སམ། འོན་ཏེ་མི་ཤེས་ཤིག་སུ། གལ་ཏེ་ཤེས་ན་ནི་དེར་འོང་བར་མི་འཐུན་རོ།། ཇི་སྟེ་མི་ཤེས་ན་ནི་དེས་འོང་བར་འགྱུར་རོསྙམ་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་སུམ་མཁན་བཟང་བ
76b2 གདུལ་བའི་དབང་དུའང་མཛད། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་སྐྱེ་བོ་ཕལ་པོ་ཆེ་གདུལ་བའི་དབང་དུའང་མཛད་ནས། མཁྱེན་བཞིན་དུ་སྒྱུ་མ་མཁན་བཟང་པོ་ལ་དགེ་སློང་གི་དགེ་འདུན་དང་བཅས
76b3 ཏེ། ཅང་མི་གསུང་བས་གནང་བར་མཛད་དོ།། དེ་ནས་ཡང་སྒྱུ་མ་མཁན་བཟང་པོ་འདི་སྙམ་དུ་སེམས་ཏེ། འདི་དག་རྣམ་པར་མཐོ་འཚམ་པའི་བསམ་པ་དང་ལྡན་པ་ལ། འདིར་ཁས་ལེན་པ་དང་སྦྱར།
76b4 ན་འདི་ནི་ཐམས་ཅད་མཁྱེན་པའང་མ་ཡིན་ལ། ཐམས་ཅད་གཟིགས་པ་དང་ལྡན་པའང་མ་ཡིན་ནོ་སྙམ་ནས། དེ་ནས་སྒྱུ་མ་མཁན་བཟང་པོ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས།
76b5 བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། སྒྱུ་མ་མཁན་བཟང་པོས་ནི་སྒྱུ་མའི
76b6 ཟ་མ་ཏོག་གིས་དགེ་སློང་གི་དགེ་འདུན་འདི་ལ་མཐོ་འཚམ་པར་འགྱུར་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མོའུ་འགལ་གྱི་བུ་ཁྱོད་སྙིང་ལས་ཆུང་བར་གྱིས་ཤིག་དང་། ངས
76b7 ཡུན་རིང་པོ་ནས་སྤྱད་པ་བསྒྲུབས་པས་ན། དེ་བཞིན་གཤེགས་པ་ནི་འདིར་དུས་མཁྱེན་པ་ཡིན་ཏེ། དེ་བཞིན་གཤེགས་པ་ལ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཀྱང་མཐོ་འཚམ་པར་མི་ནུས་སོ།།
iiif viewer powered by OpenSeadragon
76a - 77a