| | e-texts navigator
|
75b1 བསྟན་པའི་ཚེ་འཕྲུལ་ནི་བརྙེས། རྫུ་འཕྲུལ་གྱི་ཆོ་འཕྲུལ་ནི་བརྙེས་སོ།། བཞེད་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གྲོང་ཁྱེར་དང་བཅས་པ། གྲོང་རྡལ་དང་བཅས་པ
75b2 ས་དང་བཅས་པ། འགྲོ་བ་དང་བཅས་པ། རི་རབ་དང་བཅས་པ། རྒྱ་མཚོའི་མཐས་གཏུགས་པ། ལྷའི་གནས་དང་བཅས་པ། ཁོར་ཡུག་དང་འོངས་སུ་བརྔས་པ། རྩ་དང་།
75b3 དང་། རིར་བཅས་པ་འདི་ནམ་མཁའ་ལ་བསྐལ་པ་འམ། བསྐལ་པ་བས་ལྷག་པར་སྐྲའི་རྩེ་མོའི་ཆ་ཤས་ཙམ་ལ་འཛིན་པར་མཛད་དོ་ཞེས་ཐོས་སོ།། ཐོས་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ།
75b4 ཡུལ་མ་ག་དྷ་རིལ་གྱི་སྐྱེ་བོ་ཐམས་ཅད་དེ་དག་གིས་འདུན་པར་བྱས། རྨོངས་པར་བྱས། མགོ་འཁོར་བར་བྱས་ནས། ཡ་མཚན་གྱི་ཆོས་ལ་བཀོད་དེ། བྲམ་ཟེ་དང་ཁྱིམ་བདག་ཆེན་པོ
75b5 གང་དག་ཡིན་པ་དེ་དག་ཀྱང་བདག་གི་མིང་གིས་རབ་ཏུ་མགུ་བར་གྱུར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་གཅིག་པུ་ད་དུང་མ་བགམས། རྨོངས་པརམ
75b6 བྱས། མགོ་འཁོར་བར་མ་བྱས་ཀྱིས། མ་ལ་བདག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ག་ལ་བ་དེར་འགྲོ་བར་བྱའོ།། སོང་ནས་ཀྱང་བཀྲམ་པར་བྱས་ཏེ།
75b7 གལ་ཏེ་རྨོངས་པའམ། མགོ་འཁོར་བར་བྱས་ནུས་པ་ལྡན། དེ་ལྡན་ཡུལ་མ་ག་དྷ་ཐམས་ཅད་བདག་ལ་གཅིག་ཏུ་འདུལ། བདག་གི་རྙེང་པ་དང་བཀུར་སྟིའིང་ཆེས་སྟོབས་དང་ལྡན་པར་འགྱུརརོ
iiif viewer powered by OpenSeadragon
75a - 76a