e-texts navigator
Collection
Volume
Page
Wylie

73a1 བར་བྱའོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་གློག་ཐོབ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། འཁོར
73a2 བཞི་པོ་རྣམས་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཐམས་ཅད། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་ཡི་རངས་ཏེ། མངོན་པར་བསྟོད་དོ།། འབ
73a3 པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། མི་ཟད་པའི་གཏེར་བསྟན་པའི་ལེའུ་སྟེ། འདུས་པ་ཉི་ཤུ་པ་རྫོགས་སོ།། །
73a4 རྒྱ་གར་སྐད་དུ། བྷ་དྲ་མཱ་ཡ་ཀར་བྱ་ཀ་ར་ཎ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། སྒྱུ་མ་མཁན་བཟང་པོ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།།
73a5 བས་པོ་གཅིག་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན
73a6 འདའ་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར
73a7 གྲགས་པ། མངོན་པར་ཤེས་པ་ཐོབ་པ། གཟུངས་ཐོབ་པ། རྫུ་འཕྲུལ་གྱི་ཆོ་འཕྲུལ་ཐོབ་པ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོང་བ་ལྔ་སྟོང་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ




iiif viewer powered by OpenSeadragon

72b - 73b

Texts on this page

S11.20 - 'phags pa glog thob kyis zhus pa zhes bya ba theg pa chen po'i mdo
S11.21 - 'phags pa sgyu ma mkhan bzang po lung bstan pa zhes bya ba theg pa chen po'i mdo