e-texts navigator
Collection
Volume
Page
Wylie

441b1 གསུང་། ། རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་།། གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ།། མིག་ལྡན་ཕ་རོལ་གནོད་ཡོད་ན།། ཉམ་ང་བ་དག་ཇི་བཞིན་དང་། མཁས་པ་འཚོ་བའི་འཇིག་རྟེན་འདིར།། སྡིག
441b2 པ་དག་ནི་ཡོངས་སུ་སྤོང་། ། སྐུར་པ་མི་གདབ་གནོད་མི་བྱ།། སོ་སོར་ཐར་པའང་བསྡམ་པར་བྱ།། ཟས་འདི་ཆོད་ཀྱང་རིག་པར་བྱ།། བས་ཐའི་གནས་སུ་གནས་པར་བྱ།། ལྷག་པའི་སེམས་ལ་ཡང
441b3 དག་སྦྱོར། ། འདི་ནི་སངས་རྒྱས་བསྟན་པ་ཡིན།། ཇི་ལྟར་བུང་བ་མེ་ཏོག་ལས།། ཁ་དོག་དྲི་ལ་མི་གནོད་པར།། ཁུ་བ་བཞིབས་ནས་འཕུར་བ་ལྟར།། དེ་བཞིན་ཐུབ་པ་གྲོང་དུ་རྒྱུ།། བདག་གིས
441b4 རིགས་དང་མི་རིགས་ལ། ། བརྟག་པར་བྱ་སྟེ་གཞན་རྣམས་ཀྱི།། མི་མཐུན་པ་དང་གཞན་རྣམས་ཀྱི།། བྱས་དང་མ་བྱས་རྣམས་ལ་མིན།། ལྷག་པའི་སེམས་ལ་བག་བྱ་སྟེ།། ཐུབ་པའི་ཐུབ་གཞི་རྣམས
441b5 ལ་བསླབ། ཉེར་ཞི་རྟག་ཏུ་དྲན་ལྡན་པ།། སྐྱོབ་པ་མྱ་ངན་མེད་པ་ཡིན།། སྦྱིན་པས་བསོད་ནམས་རབ་ཏུ་འཕེལ།། ལེགས་བསྡམས་དགྲ་སོགས་མི་འགྱུར་རོ།། དགེ་དང་ལྡན་པས་སྡིག་པ་སྤོང་།། ཉོན
441b6 མོངས་ཟད་པས་མྱ་ངན་འདའ། ། སྡིག་པ་ཐམས་ཅད་མི་བྱ་སྟེ།། དགེ་བ་ཕུན་སུམ་ཚོགས་པར་བྱ།། རང་གི་སེམས་ནི་ཡོངས་སུ་གདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། ལུས་ཀྱིས་སྡོམ་པ་ལེགས
441b7 པ་སྟེ། ། ངག་གིས་སྡོམ་པ་ལེགས་པ་ཡིན།། ཡིད་ཀྱིས་སྡོམ་པའང་ལེགས་པ་སྟེ།། ཐམས་ཅད་དུ་ནི་སྡོམ་པ་ལེགས།། ཀུན་ཏུ་བསྡམས་པའི་དགེ་སློང་ནི།། སྡུག་བསྔལ་ཀུན་ལས་རབ་ཏུ་འགྲོལ།། ངག




iiif viewer powered by OpenSeadragon

441a - 442a

Texts on this page

S5 - dge slong ma'i 'dul ba rnam par 'byed pa