e-texts navigator
Collection
Volume
Page
Wylie

440a1 དེ་བཞིན་དུ་ལག་ན་རལ་གྲི་ཐོགས་པ་འོངས་ཞེས་བྱ་བ་ནས། བཤད་པར་བྱའོ་ཞེས་བྱ་བའི་བར་གོང་མ་ཇི་ལྟ་བ་བཞིན་དུའོ།། དེ་བཞིན་དུ་གོ་ཆ་སྣ་ལྔ་གྱོན་པ་དག་འོངས
440a2 པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་བར་ལག་ན་ཚོན་ཆ་ཐོགས་པ་ལ་ཆོས་བཤད་པར་མི་བྱ་སྟེ། ལག་ན་གདུགས་ཐོགས་པ་ལ་ཡིན་པ་དང་། ལག་ན་འཁར་བ་ཐོག་པ་ལ་མ་ཡིན་པ་དང་།
440a3 ལག་ན་རལ་གྲི་ཐོགས་པ་ལ་མ་ཡིན་པ་དང་། ལག་ན་དགྲ་ཆ་ཐོགས་པ་ལ་མ་ཡིན་པ་དང་། མི་ན་བར་གོ་ཆ་སྣ་ལྔ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། ། དེ
440a4 ནས་བཅུ་གཉིས་སྡེ་དག་འགྲེང་སྟེ་བཤང་གཅི་བྱེད་པ་དང་ཞེས་བྱ་བ་ནས། མི་བྱའོ་ཞེས་བྱ་བའི་བར་རོ།། ནད་པར་གྱུར་ཏེ་འདུག་མི་ནུས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་ཡིན་ན་རྗེས་སུ
440a5 གནང་ངོ་། ། དེ་ནས་སྦོམ་དགའ་མོས་བཙོ་བྲག་མཁན་ལ་གོས་འཁྲུར་ཅུག་པ་མ་བཏུབ་ནས། ཇི་ཙམ་ན་བཀྲུ་སྨན་ཟོས་ནས་ཞེས་བྱ་བ་ནས། མི་གཙང་བས་བསུག་པའི་སྣོད་དང་། བརྡབ
440a6 པའི་གཞི་དང་། གོས་བཤལ་བའི་ཆུ་སྣོད་མ་རུང་བར་བྱས་སོ།། དེ་ནས་བཙོ་བླག་མཁན་དེ་གོས་འཁྲུ་བ་ན། ཀོས་དེ་ཚོན་ཁྲ་བོ་སྣ་ཚོགས་ཀྱི་ཚོན་གྱིས་བཀྲ་བ་དང་། མནམ་པ་མཐོང་ངོ་ཞེས་བྱ་བའི་བར་རོ།། དེ
440a7 ནས་སྦོམ་དགའ་མོ་འོངས་ནས་འདི་སྐད་ཅེས་སྨྲས་སོ། ། ཀྱེ་ནང་རྗེ་གོས་དག་ཅི་སྟེ་སྐྱ་བོར་གྱུར། དེས་འདི་སྐད་ཅེས་འཕགས་མ་ཁྱོད་ཀྱིས་མ་བྱས་གྲང་ཞེས་སྨྲས་པ་དང་། སྦོམ་དགའ་མོས་འདི་སྐད་ཅེས། ཁྱོད




iiif viewer powered by OpenSeadragon

439b - 440b

Texts on this page

S5 - dge slong ma'i 'dul ba rnam par 'byed pa