| | e-texts navigator
|
3b1 ཤིན་ཏུ་རྙེད་པར་དཀའ། ། འཇིག་རྟེན་སངས་རྒྱས་འབྱུང་བ་དང་།། མི་དང་རབ་ཏུ་འབྱུང་བ་དང་།། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་།། གྲོགས་བཟང་རྙེད་དཀའ་རྙེད་གྱུར་ནས།། མཁས་པ
3b2 བདག་ལ་ལེགས་འདོད་ཅིང་། ། དེ་དག་འབྲས་བཅས་བྱེད་འདོད་པས།། སྡོམ་བརྩོན་རྣམས་ཀྱིས་སོ་སོར་ཐར།། མཉན་པའི་ཕྱིར་ནི་འབད་པར་བྱ།། དགེ་སློང་དབང་འདུལ་ཀུན་དབང་པོ།། སངས
3b3 རྒྱས་མི་འགྱུར་རབ་བྱུང་བ། ། ངེས་པར་ཐར་པ་འདོད་རྣམས་ཀྱིས།། སོ་སོར་ཐར་པ་རྟག་ཏུ་སྲུངས།། བསྐལ་པ་བྱེ་བ་རྣམས་སུ་ཡང་།། སོ་སོར་ཐར་པ་ཐོས་པ་དང་།། གཟུང་དང་འཛིན་པ་རྙེད་དཀའ་ཞིང་།།
3b4 སྒྲུབ་པའང་ཤིན་ཏུ་རྙེད་པར་དཀའ།། སངས་རྒྱས་རྣམས་ནི་འབྱུང་བ་བདེ།། ཆོས་བསྟན་པ་ཡང་བདེ་བ་ཡིན།། དགེ་འདུན་མཐུན་པ་བདེ་བ་སྟེ།། མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ།། འཕགས་པ་རྣམས
3b5 ནི་མཐོང་བ་བདེ། ། དམ་པ་དག་དང་འགྲོགས་པ་བདེ།། བྱིས་པ་རྣམས་ནི་མ་མཐོང་ན།། རྟག་ཏུ་བདེ་བ་ཉིད་དུ་འགྱུར།། ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ།། མང་དུ་ཐོས་པ་མཐོང་བ་བདེ།། ཡང་སྲིད་རྣམ
3b6 པར་གྲོལ་བ་ཡི། ། དགྲ་བཅོམ་པ་དག་མཐོང་བ་བདེ།། འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ།། ཆོས་ལ་གོམས་པའི་སྐྱེ་བོ་བདེ།། ཤེས་རབ་ཐོབ་པར་གྱུར་པ་བདེ།། ངའོ་ང་རྒྱལ་ཟད་པ་བདེ།། ངེས་པར
3b7 བྱས་ཤིང་དབང་པོ་ཐུལ་བ་དག། དགོན་པ་ཞི་བ་རྣམས་སུ་རྒས་གྱུར་དང་།། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ།། ལང་ཚོ་ཡོལ་བ་རྣམས་ཀྱི་གནས་པ་བདེ།། འཕགས་མ་དག་སོ་ག་རྣམས་ཀྱི་འདས་པ
iiif viewer powered by OpenSeadragon
3a - 4a