e-texts navigator
Collection
Volume
Page
Wylie

3a1 @##འཆལ་པས་ཟིན་རྣམས་ཀྱི། ། གདུག་པ་རྣམ་སྤེལ་སྨན་འདི་ཡིན།། འདི་ནི་ལང་ཚོ་རྣམ་འཁྲུལ་པའི།། རྐང་གཉིས
3a2 གཞོན་ནུའི་ལྕགས་ཀྱུ་ཡིན། ། མཚོ་བས་ཟབ་པའི་འཁོར་བ་ལས།། སྒྲོལ་བའི་རྒལ་ཐབས་འདི་ཡིན་ཏེ།། འདི་ནི་བཟང་འགྲོར་འགྲོ་བ་ཡི།། ངེས
3a3 པའི་ཆུ་ལོན་ཟམ་པ་ཡིན། ། འདི་ནི་ཉོན་མོངས་ཕམ་བྱེད་ལམ།། རྒྱལ་པོ་ཡི་ནི་འདྲེན་པ་མཆོག། འདི་ནི་ཐར་པའི་གྲོང་འཇུག་པའི།། ཐེམ་སྐུས་བཞི
3a4 དང་འདྲ་བར་གནས། ། ང་ནི་མྱ་ངན་འདས་གྱུར་ན།། འདི་ནི་ཁྱེད་ཀྱི་སྟོན་པའོ་ཞེས།། རང་བྱུང་ཉིད་ཀྱིས་གུས་བཅས་པས།། ནན་ཏན་དགེ་སློང་ཚོགས།
3a5 མདུན་བསྟོད།། སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང་།། འཇིག་རྟེན་དག་ན་རབ་ཏུ་དཀོན།། མི་ཉིད་རྙེད་པ་ཤིན་ཏུ་དཀོན།། རབ་ཏུ་འབྱུང་བ་ཤིན་ཏུ
3a6 དཀོན། ། དེ་བཞིན་རབ་ཏུ་བྱུང་རྣམས་ཀྱིས།། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དཀོན།། ཚུལ་ཁྲིམས་ཡོངས་སུ་དག་གྱུར་ཀྱང་།། གྲོགས་བཟང




iiif viewer powered by OpenSeadragon

2b - 3b

Texts on this page

S4 - dge slong ma'i so sor thar ba'i mdo