| | e-texts navigator
|
38a1 བྱིན་གྱིས། རྒྱལ་པོ་ཆེན་པོ་བཞིས། ཉིད་པང་དག་བྱེད་། དི་ནས་མདོང་ཤིག། མྱུར་སྣང་བ་རྒྱ་ཆེན་པོ་འདི་ལས་གོར་ས་ཆགས་པ་དིར་ཚངས་པ་ཆེན་པོ་བྱུང་བར་འགྱུར་རོ་ཞེས་པ
38a2 བ་དང་། དེ་དག་འཁོད་དོ།། འཁོར་དེར་ཡང་ཚངས་པ་ཆེན་པོ་དར་ལ་བབ་པ། གཞོན་པ། གཞོན་ནུ་མ་གཙུག་པུད་ལྔ་པ་བྱུང་ནས། དེ་ལྷའི་དབང་པོ་བརྒྱ་བྱིན་གྱི་པང་དུ་འདུག་གོ།། དེས་བསྒྲུབ་པ་གང
38a3 ཡིན་པ་དེ་ཡང་བསྒྲུབས་སོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚངས་པ་ཆེན་པོ་དེ་ལ་ཐལ་མོ་སྦྱར་ཏེ་གསོལ་བ་བཏབ་པ། ཚངས་པ་ཆེན་པོ་ཁྱོད་ཚངས་པ་དང་། ཚངས་པ་ཆེན་པོ་དང་། དབང་ཕྱུག
38a4 དང་། བྱེད་པ་པོ་དང་། འབྱིན་པ་པོ་དང་། སྤྲུལ་པ་པོ་དང་། གཙོ་བོ་དང་། ཁྱད་པར་དུ་འཕགས་པ་དང་། འཇིག་རྟེན་རྣམས་ཀྱི་བར་གྱུར་པ། ཁྱོད་ཀྱིས་འགྲོ་བ་ཕྱུང་བ་མ་ལགས་སམ། འོ་ན་བདག
38a5 ཅག་གི་འཁོར་དུ་གཏོགས་པ་ས་ལ་རྒྱུ་བ་ཞིག་མཆིས་ཏེ། དེ་ལྗོན་ཤིང་གི་གནས་ནས་བསྐྲད་པར་འགྱུར་གྱིས། གྲོང་ཁྱེར་ཤིང་ནྱ་གྲོ་དྷ་ཅན་དེར། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷས་བུ་རྙེད་པར་འགྱུར་བར
38a6 སྤྲོ་བ་བསྐྱེད་དུ་གསོལ། དེས་འདི་སྙམ་དུ་བདག་གིས་སུ་ལ་ཡང་བུ་འམ་བུ་མོ་སྦྱིན་པར་མི་ནུས་ན། གལ་ཏེ་བདག་གིས་བུ་དང་བུ་མོ་སྦྱིན་པར་མི་ནུས་ཞེས་སྨྲས་ན་ནི། བདག་གི་མིང་གང་ཚངས་པ་དང་།
38a7 ཚངས་པ་ཆེན་པོ་དང་། དབང་ཕྱུག་དང་། བྱེད་པ་པོ་དང་། འབྱིན་པ་པོ་དང་། སྤྲུལ་པཔོ་ཞེས་བྱ་བའི་མིང་དེར་ཡང་མི་འགྱུར་རོ།། འོན་ཏེ་བུ་མ་བུ་མོ་སྦྱིན་ནེ་ཞེས་སྨྲས་ན་ནི། གང་གི་ཚེ་བདག་ལ་དབང་མེ
iiif viewer powered by OpenSeadragon
37b - 38b