| | e-texts navigator
|
34a1 བ་ལྟར། ། དེ་བཞིན་ཐུབ་པ་གྲོང་དུ་རྒྱུ།། བདག་གི་རིགས་དང་མི་རིགས་ལ།། བརྟག་པར་བྱ་སྟེ་གཞན་རྣམས་ཀྱི།། མི་མཐུན་པ་དང་གཞན་རྣམས་ཀྱི།། བྱས་དང་མ་བྱས་རྣམས
34a2 ལ་མིན། ། ལྷག་པའི་སེམས་ལ་བག་བྱ་སྟེ།། ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ།། ཉེར་ཞི་རྟག་དུ་དྲན་ལྡན་པའི།། སྐྱོབ་པ་མྱ་ངན་མེད་པ་ཡིན། སྦྱིན་པས་བསོད་ནམས་རབ་ཏུ་འཕེལ།། ལེགས་བསྡམས
34a3 དགྲ་སོགས་མི་འགྱུར་རོ། ། དགེ་དང་ལྡན་པས་སྡིག་པ་སྤོང་།། ཉོན་མོངས་ཟད་པས་མྱ་ངན་འདའ།། སྡིག་པ་ཐམས་ཅད་མི་བྱ་སྟེ།། དགེ་བ་ཕུན་སུམ་ཚོགས་པར་སྤྱད།། རང་གི་སེམས་ནི་ཡོངས
34a4 སུ་གདུལ། ། འདི་ནི་སངས་རྒྱས་བསྟན་པ་ཡིན།། ལུས་ཀྱི་སྡོམ་པ་ལེགས་པ་སྟེ།། ངག་གི་སྡོམ་པ་ལེགས་པ་ཡིན།། ཡིད་ཀྱི་སྡོམ་པའང་ལེགས་པ་ཡིན།། ཐམས་ཅད་དུ་ནི་སྡོམ་པ་ལེགས།།
34a5 ཀུན་ཏུ་བསྡམས་པའི་དགེ་སློང་ནི།། སྡུག་བསྔལ་ཀུན་ལས་རབ་ཏུ་འགྲོལ།། ངག་རྣམས་བསྲུང་ཞིང་ཡིན་གྱིས་རབ་བསྡམས་ཏེ།། ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང་།། ལས་ལམ་གསུམ་པོ་འདི་དག
34a6 རབ་སྤངས་ན། ། དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར།། སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ།། འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུངས་དང་།། ཤཱཀྱ་ཐུབ་པ་གོའུ་ཏ་མ
34a7 ལྷ་ཡི་ལྷ། ། མི་འདུལ་ཁ་ལོ་སྒྱུར་བ་བླ་ན་མེད།། འཇིག་རྟེན་མགོན་པོ་སྐྱོབ་པ་མཆོག། སངས་རྒྱས་དཔལ་པོ་བདུན་པོ་དག། གྲགས་ལྡན་རྣམ་པ་སོ་སོར་ཐར།། འདི་ནི་རབ་ཏུ་རྒྱས་པར་བཏོན།
iiif viewer powered by OpenSeadragon
33b - 34b