e-texts navigator
Collection
Volume
Page
Wylie

32b1 ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ། ། མིན་བར་ལམ་ནས་འགྲོ་བ་ལ་ལམ་གྱིས་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ།། མིན་པར་མགོ་གཡོགས་པ་དང་། བརྫེས་པ་དང་། གཟར་བ་དང་།
32b2 གཉའ་གོང་དུ་བསྣོལ་བ་དང་། ལྷག་པར་བསྣོལ་བ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ།། མི་ན་བར་སྐྲ་དོ་ཀོར་ཅན་དང་། ཞྭ་གྱོན་པ་དང་། མགོ་ཅོད་པན་ཅན་དང་། མགོ་འཕྲེང་བ་ཅན་དང་། མགོ
32b3 དཀྲིས་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། ། མི་ན་བར་གླང་པོ་ཆེ་ཞོན་པ་དང་། རྟ་ཞོན་པ་དང་། ཁྱོགས་ན་འདུག་པ་དང་། བཞོན་པའི་སྟེང་ན་འདུག་པ་དང་། མཆིལ་ལྷམ་གྱོན་པ་ལ་ཆོས
32b4 མི་བཤད་པར་བསླབ་པར་བྱའོ། ། མི་ན་བར་ལག་ན་འཁར་བ་ཐོགས་པ་དང་། ལག་ན་གདུགས་ཐོགས་པ་དང་། ལག་ན་མཚོན་ཐོགས་པ་དང་། ལག་ན་རལ་གྲི་ཐོགས་པ་དང་། ལག་ན་དགྲ་ཆ་ཐོགས་པ
32b5 དང་། གོ་ཆ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ།། མི་ན་བར་འགྲེང་སྟེ་བཤང་གཅི་མི་བྱ་བར་བསླབ་པར་བྱའོ།། མི་ན་བར་ཆུའི་ནང་དུ་བཤང་གཅི་དང་། མཆིལ་མ་དང་། སྣརུབས་དང་། སྐྱུགས
32b6 པ་དང་། རླུགས་པ་མི་དོར་བར་བསླབ་པར་བྱའོ།། གནོད་པ་བྱུང་བ་མ་གཏོགས་པར། ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེགས་པར་བསླབ་པར་བྱའོ།། འཕགས་མ་དག་བདག་གིས་བསླབ་པའི་ཆོས་མང་པོ་དག་བཏོན
32b7 ཟིན་ཏོ། ། ། དེ་ལ་བདག་གིས་འཕགས་མ་དག་ལ། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ།། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ།། འདི་ལ་འཕགས




iiif viewer powered by OpenSeadragon

32a - 33a

Texts on this page

S4 - dge slong ma'i so sor thar ba'i mdo